༧གོང་ས་མཆོག་གིས་ཅེཀ་སྲིད་ཟུར་ནང་མིར་ཐུགས་གསོའི་གསུང་འཕྲིན།

༧གོང་ས་མཆོག་གིས་ཅེཀ་སྲིད་འཛིན་དམ་པ་ལྦཀ་ལེལྦ་ཧ་ལྦེལ་གྱི་སྐུ་ཟླ་དང་ནང་མི་སྤུན་མཆེད་ཚོར་ཐུགས་གསོའི་གསུང་འཕྲིན་སྩལ་གནང་འདུག

2011-12-19
Share

༄༅༎བོད་ཀྱི་གནད་དོན་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཧ་ཅང་ཉེ་བའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་སྙུན་གཞི་ཕོག་ནས་བཅོས་ཐབས་མ་བྱུང་བར་ ཕྱི་ཚེས་༡༨ཀྱི་སྔ་དྲོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁུལ་དུ་གནས་པའི་ཁོང་གི་ཁྱིམ་དུ་དགོངས་པ་རྫོགས་པར་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་སྐུ་ཟླ་དང་ནང་མི་སྤུན་མཆེད་ཚོར་ཐུགས་གསོའི་གསུང་འཕྲིན་སྩལ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་བའི་ཐུགས་གསོའི་གསུང་འཕྲིན་ནང་དམ་པ་ཁོང་གིས་དྲང་ཚུགས་དང་ ཁ་རི་ཁ་ཐུག་གཡོ་བ་མེད་པའི་ཆོད་སེམས་བརྟན་པོས་དེ་སྔོན་གྱི་ཅེཀ་ཀོ་སེ་ལོའི་ལྦི་ཡའི་ནང་རང་དབང་དང་མང་གཙོ་སླར་གསོ་བྱེད་རྒྱུར་ཞབས་འདེགས་ཧ་ཅང་བསྒྲུབས་ཡོད་པ་དང་ དམ་པ་ཁོང་ནི་ཆེ་བསྟོད་མེད་པ་དང་ སྙིང་སྟོབས་ཅན་གྱི་དབུ་ཁྲིད་ཅིག་ཡིན་ཞེས་འཁོད་གནང་ཡོད་ཅིང་ དེ་བཞིན་དམ་པ་ཁོང་གིས་མི་མང་གི་དབུ་ཁྲིད་པའི་ལྦེལ་ལྦེཏ་གསར་རྗེ་ཞེས་པ་དམར་པོའི་སྲིད་གཞུང་ལ་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་དེར་རྒྱལ་ཁ་ཐོབ་ཕྲལ་ ཁོང་སྲིད་འཛིན་དུ་བསྐོ་བཞག་བྱུང་ནས་ཟླ་བ་འགའ་ཤས་རྗེས་ ༧གོང་ས་མཆོག་དང་ཕྱི་ལོ་༡༩༩༠ལོའི་ཕྱི་ཟླ་༢པའི་ནང་མཇལ་འཕྲད་བྱུངབ་མགོན་པོ་གང་ཉིད་ཀྱིས་ཐུགས་དྲན་གསོ་མཛད་ཡོད་པ་དང་ དེ་རྗེས་ལོ་ངོ་བཅུ་ཕྲག་གཉིས་ཙམ་ནང་  ༧གོང་ས་མཆོག་དང་སྲིད་འཛིན་ཟུང་པ་དམ་པ་ཁོང་ལྷན་ཡང་ཡང་མཇལ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད་ ཉེ་ལམ་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རག་ནང་མཇལ་འཕྲད་བྱུང་གནང་བ་དང་ གསུང་འཕྲིན་གྱི་མཐའ་དོན་དུ་ང་ཚོས་དྲན་བདེན་དང་ འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་རང་ནུས་གང་ཡོད་ཀྱི་འབད་བརྩོན་བྱ་རྒྱུ་དེ་དམ་པ་ཁོང་ལ་ལེགས་སྐྱེས་མཆོག་ཏུ་གྱུར་བ་ཞིག་ཆགས་རྒྱུ་ཡིན་ཞེས་འཁོད་གནང་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།