༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཉིན་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།
2008-10-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཚེས་སུམ་ཅུ་སོ་གཅིག་ཉིན་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཅོག་གིས་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཞི་ནས་བཟུང་དུས་ཡུན་ཉིན་གྲངས་གཉིས་རིང་ཉི་ཧོང་ནང་བྱམས་སྙིང་རྗེའི་སྐོར་གྱི་གསུང་ཆོས་བཀའ་དྲིན་བསྐྱངས་རྒྱུ་ཡིན་ཞིང་༸གོང་ས་མཆོག་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོར་ནས་ཐག་ཉེ་པོ་ཡིན་པའི་ཎ་རི་ཊ་གནམ་ཐང་དུ་ཕེབས་འབྱོར་བྱུང་བའི་སྐབས་གནམ་ཐང་དུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཉི་ཧོང་གི་གྲོགས་པོ་སོགས་མི་གྲངས་མང་པོས་ཕེབས་བསུ་རྒྱ་ཆེ་ཟབ་རྒྱས་ཞུས་ཡོད་པ་དང་གནམ་ཐང་དུ་ཆིབས་བསྒྱུར་གནང་མ་ཐག་༸གོང་ས་མཆོག་ནས་སླར་ཡང་ཉི་ཧོང་དུ་ཆིབས་བསྒྱུར་གནང་ཏེ་ཉི་ཧོང་གི་གྲོགས་པོ་ཚོ་ཐུགས་ཕྲད་བྱུང་བར་ཧ་ཅང་གི་ཐུགས་གཉེས་པོ་བྱུང་བ་བཀའ་གནང་མཛད་ཡོད་པ་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་རེད། ཕྱི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་ལྷོ་ཕྱོགས་ཕུ་ཀུའོ་ཌོ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ནས་མང་ཚོགས་སུ་སེམས་ཀྱི་བདེ་བ་སྐྲུན་ཐབས་ཀྱི་གསུང་ཆོས་གནང་རྒྱུ་དང་དེ་བཞིན་ཕྱི་ཚེས་བདུན་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་དུ་དམངས་ཁྲོད་དུ་བཀའ་སློབ་བཀའ་དྲིན་བསྐྱངས་རྒྱུའི་མཛད་འཆར་ཡང་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ཉིས་སྟོང་བདུན་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ཉི་ཧོང་གི་ནང་པའི་ཆོས་ཚོགས་ཀྱིས་གདན་ཞུ་བཞིན་ཉི་ཧོང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་ད་རེས་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་གནང་ཡས་དེ་སྐུའི་མཁྲིས་རྡོ་བཏོན་གནང་མཛད་པའི་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།