༧གོང་ས་མཆོག་ནས་མ་ན་ལིར་དད་ཆོས་ཞུ་བ་༥༠༠༠་ལྷག་ཙམ་ལ་ཆོས་འབྲེལ་དབུ་འཛུགས་མཛད་གནང་བ།

2019-08-13
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་ནཱ་ལིར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་དབུ་འཛུགས་མཛད་གནང་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་ནཱ་ལིར་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་དབུ་འཛུགས་མཛད་གནང་བ།
༧དགའ་ལྡན་ཕོ་བྲང་།

༄༅།།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྤྱི་ཚེས་༡༣ཉིན་རྒྱ་གར་བྱང་ཕྱོགས་མ་ན་ལི་ཁུལ་དུ་དད་ལྡན་མང་ཚོགས་༥༠༠༠ལྷག་ཙམ་ལ་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་ཅིང་།
༧གོང་ས་མཆོག་གིས་ཆོས་ཞུ་བ་རྣམས་ལ་དུས་རྟག་ཏུ་ཆོས་ལ་དད་པ་བྱེད་མིན་སོ་སོའི་ཁམས་དང་མོས་པར་རག་ལས་ཡོད་པ་བཀའ་གནང་བ་མ་གཏོགས་ཆོས་དད་མེད་མཁན་ཚོར་ཆོས་བྱེད་དགོས་པ་དང་། ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་རྩ་བ་ནས་གསུང་གི་མེད་པ་བཀའ་གནང་འདུག
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞེས་པ་དེ་ལམ་དང་ལུགས་སྲོལ་ལྟ་བུ་སྨོན་ལམ་རྒྱབ་ཡག་ཐོག་བཞག་པ་མ་ཡིན་པར་ཆོས་ཞེས་པ་དེ་དངོས་སུ་ལག་ལེན་དུ་འགེལ་ནས་སེམས་ལ་བཟོ་བཅོས་བརྒྱབ་དགོས་ཀྱི་ཡོད་པ་ལས་བསམ་བློ་ཡག་པོ་མ་འཁོར་བའི་མཚམས་སུ་ཆོས་རྒྱུ་མཚན་དུ་བྱས་ཏེ་དེང་སང་འཛམ་གླིང་འདིའི་ཐོག་མི་ཕན་ཚུན་གསོད་རེས་གཏོང་བཞིན་ཡོད་པ་དེ་ཧ་ཅང་ཐབས་སྐྱོ་པོ་དང་སེམས་སྐྱོ་པོ་ཡིན་པ་བཀའ་གནང་འདུག

ཆོས་ལུགས་ཚང་མ་བྱམས་བརྩེ་བརྩལ་དུ་བཏོན་མཁན་ཡིན་དུས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་ཡག་ཡོད་པར་བརྟེན། ཆོས་ལུགས་བྱེ་བྲག་སོ་སོ་ཁམས་དང་མོས་པ་མི་འདྲ་བ་ཡོད་དུས་ལྟ་གྲུབ་མི་འདྲ་བ་དགོས་ཀྱི་ཡོད་ནའང་གྲུབ་བྱ་གཅིག་བསྒྱུར་སེམས་བཟང་པོ་བྱེད་དགོས་པ་དེ་ཆོས་ལུགས་ཚང་མའི་ནང་གསུངས་ཡོད་པ་བཀའ་གནང་བ་དང་ཆབས་ཅིག་ཆོས་ཞུ་བ་ཚོའི་ངོས་ནས་ཀུན་སློང་རྣམ་པར་དག་པ་ཞིག་འཁྱེར་བའི་ཐོག་ནས་ཆོས་ཞུ་དགོས་པ་དང་དེ་ལྟར་མ་བྱུང་ཚེ་ཆོས་ཆོས་སུ་འགྲོ་རྒྱུའི་ཚབ་ལ་སྡིག་པའི་རྒྱུར་འགྲོ་ཉེན་ཡོད་པའི་ལམ་སྟོན་བཀའ་སློབ་ཕེབས་འདུག

དེ་རིང་ཆོས་འབྲེལ་ཀྱི་ཉིན་དང་པོར་༧གོང་ས་མཆོག་གིས་ཆོས་ཀྱི་སྤྱི་བཤད་དང་འབྲེལ་ནས་ནང་ཆོས་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ཆོས་ལུགས་ཚང་མ་མཐུན་སྒྲིལ་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་འདུག་སང་ཉིན་ཕྱི་ཚེས་༡༤་ཉིན་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་བཀའ་འདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དེ་བཞིན་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་དང་ཕྱི་ཚེས་༡༥་ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀྲིན་ཆེ་གནང་མཛད་འཆར་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།