༧གོང་ས་མཆོག་ནས་ ལཏ་ཝི་ཡའི(Latvia)་རྒྱལ་ས་རི་གྷ( Riga)་ནང་གསུང་ཆོས་དབུ་འཛུགས།

2018-06-16
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༦།༡༦།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ལཏ་ཝི་ཡའི(Latvia)་རྒྱལ་ས་ ས་རི་གྷར( Riga)་ནང་གསུང་ཆོས་དབུ་འཛུགས་གནང་བ།
༢༠༡༨།༦།༡༦།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ལཏ་ཝི་ཡའི(Latvia)་རྒྱལ་ས་ ས་རི་གྷར( Riga)་ནང་གསུང་ཆོས་དབུ་འཛུགས་གནང་བ།
༧དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ལཏ་ཝི་ཡའི(Latvia)་རྒྱལ་ས་རི་གྷར( Riga)་ནང་ཕྱི་ཚེས་༡༦ དང་༡༧བཅས་ཉིན་གྲངས་གཉིས་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། རྡོ་རྗེ་གཅོད་པའི་ཆོས་འབྲེལ་བསྩལ་གནང་མཛད་རྒྱུ་ཡིན་པ་ལྟར། དེ་རིང་ཆོས་འབྲེལ་དབུ་འཛུགས་མཛད་སྐབས་སྤྱོད་འཇུག་ནས་གསུང་བའི་སྡུག་བསྔལ་སྐོར་བཀའ་གནང་བ་དང་། དེ་ནས་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀྲིན་བསྩལ་གནང་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ལི་ཐུཡེ་ནི་ཡའི་རྒྱལ་ས་ཝིལ་ནིཡུསྀ་ནང་གི་ཉིན་གཉིས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཁ་སང་ཕྱི་ཚེས་༡༥ཉིན་ ལཏ་ཝི་ཡའི(Latvia)རྒྱལ་ས་རི་གྷར( Riga)་ཞབས་སོར་འཁོད་གནང་མཛད་སྐབས་གནམ་ཐང་དུ་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། ཐེངས་འདིའི་ཆོས་འབྲེལ་གོ་སྒྲིག་ཞུ་མཁན་ལ་ཏི་ཝི་ཡའི་བོད་སྐྱོབ་ཐེབས་རྩ་ཁང་། དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་གནང་བའིམོ་སི་ཁོ(Moscow)བོད་སྐྱོབ་ཐེབས་རྩ་ཁང་གི་ཚོགས་མི་རྣམས་ནས་གུས་པ་ཆེན་པོའི་སྒོ་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ད་རེས་ཞབས་སོར་འཁོད་གནང་མཛད་པར་དགའ་བསུ་ཞུས་གནང་བ་དང་སྦྲགས། ད་རེས་ཀྱི་ཆིབས་བསྒྱུར་དེ་ཁུལ་དེའི་ནང་ཐེངས་བཞི་པ་དེ་ཡིན་པ་བརྟེན་རུ་སུའི་མང་ཚོགས་སྤྱི་དང་། བྷལ་ཊིག་མངའ་ཁུལ་གྱི་དད་ལྡན་མང་ཚོགས་རྣམས་ལ་༧གོང་ས་མཆོག་གི་ཆོས་འབྲེལ་གྱི་གོ་སྐབས་ཐོབ་པར་དགའ་ཚོར་ཧ་ཅང་ཆེན་པོ་སྐྱེ་བཞིན་ཡོད་པ་གསུངས་ཏེ། ལྷག་པར་ཆོས་འབྲེལ་ཐོབ་པ་ཙམ་མ་ཡིན་པར་ཁུལ་དེའི་དད་ལྡན་མང་ཚོགས་ལ་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་ཆེ་
གནང་མཛད་བཞིན་ཡོད་པ་དེ་ནི་ཧ་ཅང་གི་སྐལ་བ་བཟང་པོ་རེད་ཅེས་གསུངས་
འདུག དེ་བཞིན་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་དོན། རྡོ་རྗེ་གཅོད་པར་མཚོན་ན་ཁལ་མུཀ་དང་ཐུ་ཝ།བྷུར་ཡ་ཏི་ བཅས་སུ་ནང་པའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཧ་ཅང་རྩ་ཆེན་པོར་རྩི་
བཞིན་ཡོད་པར་བརྟེན་ཐེངས་འདིར་རྡོ་རྗེ་གཅོད་པའི་བཀའ་ཆོས་དེའང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་ནས་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག།
ཉིན་གཉིས་ཀྱི་གསུང་ཆོས་དེ་འགྲུབ་མཚམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༨ ཀྱི་སྔ་དྲོ་ Skonto Hall ཚོགས་ཁང་
ཆེན་མོའི་ནང་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་
བཀྲིན་ཆེ་གནང་མཛད་རྒྱུའི་མཛད་འཆར་དང་། དེ་ནས་ཕྱི་ཚེས་༡༩འི་སྔ་དྲོ་
༧གོང་ས་མཆོག་རི་ག་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།