ཞི་བདེ་ནི་ལག་ལེན་ཐོག་ནས་ཡོང་དགོས་པ་ལས་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་མིན་པ་བཀའ་གནང་འདུག

2018-06-09
གློག་འཕྲིན།
མཆན།
Share
པར་བཀོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཚེས་༩ཉིན་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་༩༠༠་དང་རྒྱ་གར་བ་༡༠༠ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཚེས་༩ཉིན་གཙུག་ལག་ཁང་དུ་ཕྱི་རྒྱལ་བ་༩༠༠་དང་རྒྱ་གར་བ་༡༠༠ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་འོད་ཟེར།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་ཕྱི་ཚེས་༩ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནུབ་ཕྱོགས་ཡུལ་གྲུ་འདྲ་མིན་ནས་འབྱོར་བའི་ཕྱི་རྒྱལ་བ་དང་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་༡༠༠༠ལྷག་ཙམ་ཞིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་སྐབས། ཞི་བདེ་ནི་ལག་ལེན་ཐོག་ནས་ཡོང་དགོས་པ་ལས་སྨོན་ལམ་རྒྱབ་ནས་ཡོང་རྒྱུ་མིན་པ་བཀའ་གནང་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་དེ་བཞིན་ཞི་བདེ་བག་ཕེབས་ལྡན་པ་ཞིག་ཆགས་ཐུབ་རྒྱུར་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྲུ་གུ་ཆུང་དུས་ནས་སེམས་བཟང་པོ་དང་ཡ་རབ་སྤྱོད་བཟང་བཟོ་རྒྱུའི་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་སྟེ། དེ་ལྟར་ཡོང་ཐབས་སུ་དཔལ་ནྰ་ལེན་ཌ་ནས་དར་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་དང་ཟུང་འབྲེལ་བྱ་རྒྱུ་གལ་ཆེ་བའི་སྐོར་བཀའ་ནན་གཏན་གནང་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་གནང་དོན། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་དཔལ་ན་ལེན་ཌའི་རིག་གཞུང་ཐོག་གཞིར་བཞག་སྟེ་ནང་པ་སངས་རྒྱས་པའི་ཆོས་དེ་བོད་ནང་ངོ་སྤྲོད་དར་སྤེལ་གནང་ཡོད་ཅིང་། དེ་ནས་བོད་པའི་སྐད་ཡིག་གསར་སྟོད་བྱུང་སྗེས་ན་ལེན་ཌའི་མཁས་པ་ཁག་གིས་བརྩམས་གནང་བའི་རྩ་ཆེའི་གཞུང་ལུགས་རྣམས་རིམ་བཞིན་བོད་བསྒྱུར་གནང་ཡོད་དུས། དེང་སང་གི་དུས་ཚོད་འདིར་དཔལ་ན་ལེན་ཌའི་ནང་པའི་རིག་གནས་དེ་ཆ་ཚང་བ་ཞིག་བོད་སྐད་ནང་མ་གཏོགས་སྐད་ཡིག་གཞན་ནང་མེད་པ་བཀའ་གནང་འདུག
དེ་བཞིན་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་དཀའ་ངལ་བཅོས་ཐབས་སྐོར་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྤྱི་དང་ལྷག་པར་དུ་སེམས་ཁམས་ཀྱི་རྣམ་བཞག་རྒྱ་ཆེ་གསུངས་པ་དེ་དག་ལག་ལེན་འཁེལ་ཐབས་ལས་ལྷག་པ་མེད་ཅེས་བཀའ་གནང་བཞག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།