༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་མ་འཇུག་པའི་བཀའ་ཆོས་ལེགས་གྲུབ།

2018-10-06
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་ཡོངས་རྫོགས་ལེགས་པར་གྲུབ་གནང་མཛད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་ཡོངས་རྫོགས་ལེགས་པར་གྲུབ་གནང་མཛད་འདུག།
དགའ་ལྡན་ཕོ་བྲང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་དང་། ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། དེ་བཞིན་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོག་འཇོག་མཛད་པ་མ་ཟད། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་བསྩལ་ཏེ་ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་ཡོངས་རྫོགས་སྤྱི་ཟླ་༡༠པའི་ཚེས་༦ཉིན་ལེགས་པར་གྲུབ་གནང་མཛད་འདུག ད་རེས་༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་རྒྱལ་ཁབ་ ༦༥་ནས་ཆོས་ཞུ་བ་ ༦༥༠༠ལྷག་ཙམ་རྡ་རམ་ས་ལར་ཆེད་བཅར་ཞུས་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།