༧གོང་ས་མཆོག་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་གཉིས་ལ་འཚམས་འཕྲིན་བསྩལ་བ།

2018-10-06
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་༢༠༡༨ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ཀོང་གོ་ཡུལ་གྱི་བུད་མེད་ཀྱི་ནད་བཅོས་སྨན་པ་ Denis Mukwegeདང་ཨི་རཀ་ཡུལ་གྱི་བུད་མེད་Nadia Murad རྣམ་གཉིས་ལ
འཚམས་འཕྲིན།
༧གོང་ས་མཆོག་གིས་༢༠༡༨ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ཀོང་གོ་ཡུལ་གྱི་བུད་མེད་ཀྱི་ནད་བཅོས་སྨན་པ་ Denis Mukwegeདང་ཨི་རཀ་ཡུལ་གྱི་བུད་མེད་Nadia Murad རྣམ་གཉིས་ལ འཚམས་འཕྲིན།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བི་ཀི་པི་ཌི་ཡ།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༡༨ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་དམག་འཁྲུག་སྐབས་ལག་ཆ་ལྟ་བུར་བེད་སྤྱོད་ཀྱིས་བེུད་ཐོག་དྲག་གནོན་དང་བཙན་གཡེམ་བྱེད་པའི་ལམ་སྲོལ་ངན་པ་འགོག་ཐབས་ཀྱི་ལས་འགུལ་སྤེལ་གནང་
མཁན་ཨི་རཀ་ཡུལ་གྱི་བུད་མེད་Nadia Murad དང་ཀོང་གོ་ཡུལ་གྱི་བུད་མེད་ཀྱི་ནད་བཅོས་སྨན་པ་ Denis Mukwegeརྣམ་གཉིས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་གསོལ་བསྩལ་གནང་འདུག ༧གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་འཚམས་འཕྲིན་ནང། འཇིགས་སྣང་ཆེ་བའི་དཀའ་སྡུག་དང་རྐྱེན་ངན་འོག་ཚུད་པའི་མཆེད་གྲོགས་འགྲོ་བ་མི་གཞན་ལ་ཁྱེད་རྣམ་གཉིས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ངོས་འཛིན་གྱི་གཟེངས་རྟགས་དེ་ཁྱེད་རྣམ་གཉིས་ལ་ཐོབ་ཡོད་པ་གསུངས་ཏེ། ཁོང་རྣམ་གཉིས་ནས་སེམས་བརྒྱུད་ལ་ཡོད་པའི་སྙིང་རྗེ་དེ་དངོས་སུ་ལག་ལེན་དོན་ཐོག་ཏུ་ཁེལ་བའི་ཕྱག་ལས་གནང་བར་༧གོང་ས་མཆོག་ནས་བསྔགས་བརྗོད་ཆེན་པོ་གནང་བ་དང་སྦྲགས། དཀའ་སྡུག་མྱང་བའི་མི་གཞན་གྱི་བདེ་དོན་ཆེད་ལས་དོན་གནང་བའི་བརྒྱུད་བྱམས་བརྕེའི་ནུས་སྟོབས་གསལ་བཏོན་ཐུབ་པ་བྱུང་ཡོད་ལུགས་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་བཞིན་༧གོང་ས་མཆོག་གིས་དཀའ་ངལ་ནང་ལྷུང་བའི་མི་རྣམས་ལ་བག་ཚ་བ་མེད་པའི་སྒོ་ནས་བདེ་བ་སྦྱིན་ཐུབ་པ་དང་སྲུང་སྐྱོབ་བྱེད་ཐུབ་མཁན་ཁྱེད་རྣམ་གཉིས་ལྟ་བུའི་མཆེད་གྲོགས་ཕོ་མོ་ཚོར་ངོས་ནས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བཀའ་གནང་སྟེ། འཛམ་གླིང་འདི་བཞིན་འགྲོ་བ་མིའི་རིགས་ཚང་མ་གནས་ཟོས་བདེ་པོའི་ཐོག་ནས་གནས་སྡོད་ཐུབ་པའི་འཛམ་གླིང་ཡག་པོ་ཞིག་བསྐྲུན་ཐབས་སུ་ཁོང་རྣམ་གཉིས་དང་ལྷན་དུ་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཡོད་ཅེས་འཚམས་འཕྲིན་དེའི་ནང་བཀའ་གནང་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།