༧གོང་ས་མཆོག་ནས་རྒྱལ་ཁབ་༤༢ནས་ཕེབས་པའི་མི་གྲངས་༩༦༠ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ།


2018.05.19
༧གོང་ས་མཆོག་ནས་རྒྱལ་ཁབ་༤༢ནས་ཕེབས་པའི་མི་གྲངས་༩༦༠ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ། ༢༠༡༨།༥།༡༩།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པ་དང་རྒྱ་གར་བ་དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་མཇལ་ཁ་དང་བཀའ་སློབ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་སྔ་དྲོ་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་པ་དང་རྒྱ་གར་བ་དེ་བཞིན་ཕྱི་རྒྱལ་མི་རིགས་བཅས་མི་གྲངས་༩༦༠ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་འདུག།
འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་གནང་བའི་གནས་ཚུལ་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་སྔ་མོ་དང་མི་འདྲ་བར་མི་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་འཚོ་དགོས་པའི་གནས་སྟངས་ཆགས་ཡོད་དུས། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཀྱི་མ་འོངས་མདུན་ལམ་ཐད་ཚང་མས་བསམ་བློ་གཏོང་དགོས་ཆགས་ཡོད་པ་བཀའ་གནང་འདུག
དེའི་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་མཚོན་ནའང་རྒྱལ་མཚམས་དང་ཆོས་ལུགས་ཀྱི་དབྱེ་བ་སོགས་རྩ་བ་ནས་མེད་པར་འགྲོ་བ་མི་རིགས་ཀུན་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཆགས་ཡོད་པ་ཕྱོགས་མཚུངས་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ནའང་རྒྱལ་མཚམས་མེད། འོན་ཀྱང་འཛམ་གླིང་ནང་གི་རྙོག་གྲ་དེ་ཚོ་མིས་བཟོས་པ་ཞིག་ཡིན་ པའི་སྐོར་བཀའ་གནང་སྟེ། འབར་མ(Burma) ནས་བྷང་ལ་དེ་ཤི་( Bangladesh) ནང་བྲོས་བྱོལ་བསླེབ་པའི་རོ་ཧིན་གྱ་ (Rohingya )ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྡོད་གུར་ཡོད་སར་གླང་ཆེན་ཞིག་གིས་མི་གཅིག་གཉིས་བསད་པའི་གནས་ཚུལ་དེ་བརྙན་འཕྲིན་ཐོག་ཧ་ལས་མདོག་ནས་བསྟན་ཡོད་ཀྱང་།  མིས་མི་བསད་པའི་གནས་ཚུལ་རྣམས་ཧ་ལམ་འཆར་ཅན་ལྟ་བུར་རྩི་ནས་དེར་དོ་སྣང་དེ་ཙམ་སྤྲད་ཀྱི་མེད་པའི་དཔེ་མཚོན་དྲངས་གནང་མཛད་འདུག
༧གོང་ས་མཆོག་གིས་མི་སུ་འདྲ་ཞིག་གཟིགས་པ་ཡིན་ནས་མི་ཚང་མ་གཅིག་གྱུར་ཡིན་པ་དགོངས་ཀྱི་ཡོད་དུས། རང་བཞིན་གྱིས་ཐུགས་སེམས་ནང་ཞི་བདེ་ཡོང་བཞིན་ཡོད་པ་ལྟར། བྱམས་པ་དང་རྙིང་རྗེ་སྒོམ་པའི་སྐབས་སུ་ཁེ་ཕན་དང་པོ་དེ་གང་ཟག་རང་ཉིད་ལ་ཡོང་གི་ཡོད་པ་བཀའ་གནང་འདུག དེ་ནས་༧གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་གཉིས་པ་དེ་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་གནང་རྒྱུ་འདི་ཡིན་པ་བཀའ་གནང་སྟེ། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་སྲོལ་དེར་ཐུགས་ཡིད་སྨོན་ཧ་ཅང་ཆེན་པོ་ཡོད་པ་བཀའ་གནང་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎