༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་འབྲེལ་གསུང་ཆོས།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གྲོང་ཁྱེར་ཀོ་ཡ་སན་ཁུལ་ཆོས་འབྲེལ་གནང་ཡོད་འདུག

2011.11.03

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱུའི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་བཅུ་པའི་ཚེས་ ༣༠ ནས་བཟུང་ཉི་ཧོང་ཁུལ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་དང་མང་ཚོགས་ལ་གསུངས་བཤད་གནང་རྒྱུའི་མཛད་རིམ་ཁག་ཅིག་བསྐྱངས་གནང་ཡོད་པ་རེད། འདི་ཚེས་གཉིས་ཉིན་གྲོང་ཁྱེར་ཀོ་ཡ་སན་ཁུལ་གཙུག་ལག་སློབ་ཁང་དུ་རྡོར་དབྱིངས་ཀྱི་བཀའ་དབང་གནང་ཡོད་འདུག སྐབས་དེར་དད་ལྡན་ཆོས་ཞུ་བ་རྣམས་ལ་༧གོང་ས་མཆོག་གིས། སེམས་ཅན་གཞན་ལ་ཕན་པ་སྒྲུབ་ཆེད་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་མཛད་ཡོད་མ་ཟད་བདེ་སྐྱིད་ཀྱི་རྩ་བ་ནི་རང་གི་སེམས་འདུལ་མིན་ལ་རག་ལུས་ཡོད་པ་དང་། བྱམས་བརྩེ་དང་གཞན་ལ་ཕན་པ་སྒྲུབ་ན་བདེ་སྐྱིད་སྐྲུན་ཐུབ་པ་ཡོང་རྒྱུ། དེ་ལས་ལྡོག་ཏེ་སོ་སོ་རང་ཉིད་གཅིག་པུའི་ཁེ་ཕན་སྒྲུབ་ཆེད་སེམས་ཅན་གཞན་ལ་གནོད་པ་བྱས་ན་བདེ་སྐྱིད་སྐྲུན་ཐུབ་ཀྱི་མ་རེད། དེ་བཞིན་སྡུག་བསྔལ་གྱི་རྒྱུ་ཡང་རང་ཉིད་ཀྱི་སེམས་མ་འདུལ་བར་རང་དོན་གཉེར་བྱེད་མི་གཞན་ལ་ཁོང་ཁྲོ་སློང་བ་སོགས་ཡོང་གི་ཡོད་རེད་ཅེས་བཀའ་གནང་འདུག
ཆོས་འབྲེལ་གྲུབ་པའི་རྗེས་སུ་ཆོས་ཞུ་བ་ཁག་ཅིག་ནས། ང་རང་ནམ་རྒྱུན་ནས་གཞན་ཕན་གྱི་བསམ་བློ་འཁྱེར་གང་ཐུབ་བྱེད་ཀྱི་ཡོད་སྟབས་ད་རེས་༧གོང་ས་མཆོག་གི་སྡོམ་པ་གནང་བ་བརྒྱུད་ད་དུང་སེམས་ཤུགས་ཆེ་རུ་ཕྱིན་སོང་ཞེས་འགྲེལ་བརྗོད་བྱེད་འདུག དེ་དང་ཕྱོགས་མཚུངས་ཉེ་ཆར་ཉི་ཧོང་ནང་ཆུ་ལོག་གི་གོད་ཆགས་ཕོག་ནས་མི་ཚང་མ་མ་སྐྱིད་པའི་དུས་ཚོད་འདིར་༧གོང་ས་མཆོག་ཆིབས་བསྒྱུར་གནང་ནས་ཆོས་འབྲེལ་བཀའ་སློབ་གནང་བ་དེས་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་དགའ་ཚོར་དང་བཅས་འགྲེལ་བརྗོད་བྱེད་འདུག ཉི་མོ་དེར་ཆོས་ཞུ་བ་རྣམས་ནས་སྡོམ་པ་གྲུབ་པའི་རྗེས་སུ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་བཞེངས་གནང་བའི་དཀྱིལ་འཁོར་མཇལ་ཁ་ཡང་ཞུ་རྒྱུ་བྱུང་ཡོད་པ་བཅས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མུ་མཐུད་ནས་ཚེས་དྲུག་བར་ཉི་ཧོང་གི་གྲོང་ཁྱེར་གཞན་ཁག་ལ་ཆོས་འབྲེལ་གསུངས་བཤད་སོགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འོས་འདེམས་བརྒྱུད་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎