༧གོང་ས་མཆོག་ལ་ཇ་མུ་མཐོ་སློབ་ནས་གདན་ཞུ་ཕུལ་བ་བཞིན་བཞུགས་སྒར་ནས་ཆིབས་ཐོན།

2018-03-17
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༣།༡༧། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ Jammu མཐོ་སློབ་ཀྱིས་ཇི་ལྟར་གདན་ཞུ་ཕུལ་བ་བཞིན་བཞུགས་སྒར་ནས་ཕེབས་ཐོན་མཛད་འདུག
༢༠༡༨།༣།༡༧། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ Jammu མཐོ་སློབ་ཀྱིས་ཇི་ལྟར་གདན་ཞུ་ཕུལ་བ་བཞིན་བཞུགས་སྒར་ནས་ཕེབས་ཐོན་མཛད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཇི་ལྟར་Jammu མཐོ་སློབ་ཀྱིས་གདན་ཞུ་ཕུལ་བ་ལྟར་བཞུགས་སྒར་ནས་ཕེབས་ཐོན་མཛད་འདུག
ཕྱི་ཟླ་གསུམ་པའི་ཚེས་༡༨ཉིན་གྱི་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤ་མིར་(Jammu Kashmir) མངའ་སྡེའི་ནང་ཡོད་པའི་ཇ་མུ(Jammu)མཐོ་སློབ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མཐོ་སློབ་དེའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་དང་པོའི་སྐུ་མགྲོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་རྒྱུ་ཡིན་པའི་སྐོར་མཐོ་སློབ་དེའི་འཛིན་སྐྱོང་འགན་འཛིན་གཞོན་པ་སྐུ་ཞབས་ཨ་ཤོཀ་ཨའེ་མཱ(Ashok Aima) མཆོག་གིས་གསར་འགོད་པར་ཕྱིར་བསྒྲགས་གནང་ཡོད་ཅིང་།  འཛིན་སྐྱོང་འགན་འཛིན་གཞོན་པ་སྐུ་ཞབས་Aima མཆོག་གིས་གསུངས་ན།    ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་ཏྭ་ལའི་བླ་མ་མཆོག་ཐེངས་འདིར་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱངས་ཏེ་སློབ་ཐོན་ཟིན་པའི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་དང་གསེར་གྱི་རྟགས་མ་སོགས་གཟེངས་རྟགས་ཁག་གཅིག་ཀྱང་གསོལ་སྩལ་གཏན་འཁེལ་བྱུང་ཡོད་པ་སོགས་གསུངས་འདུག  ཇ་མུ( Jammu) མཐོ་སློབ་ཀྱི་ཐེངས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་དེའི་ཐོག་རྒྱ་གར་གཞུང་གི་བློན་ཆེན་སྐུ་ཞབས་ཇི་ཏེན་དྲ་ སིང་ག(Jitendra Singh མཆོག་དང་། དེ་སྔའི་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་N C Vijམཆོག་བཅས་ལྷན་བཞུགས་གནང་གི་ཡོད་པ་མ་ཟད་ཆེ་བསྟོད་ཀྱི་ཕྱག་ཁྱེར་འབུལ་བཞེས་ཡང་གནང་རྒྱུ་ཡིན་པ་རེད།
ཕྱོགས་མཚུངས་ཕྱི་ཟླ་༣་པའི་ཚེས་༡༩ཉིན་༧གོང་ས་མཆོག་ཝྭ་ན་དབུས་བོད་ཀྱི་གཙུག་ལག་སློབ་ཁང་དུ་རྒྱ་གར་རྒྱལ་ཡོངས་མཐོ་སློབ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་༧ཞབས་སོར་འཁོད་གནང་མཛད་དེ་དགེ་སློབ་རྣམས་ལ་བཀའ་སློབ་བསྩལ་གནང་མཛད་རྗེས་ཕྱི་ཚེས་༢༠ཉིན་བཞུགས་སྒར་དུ་ཆིབས་༧ཞལ་སྒྱུར་གནང་མཛད་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག།
གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།