༧གོང་ས་མཆོག་གིས་བོད་ནས་གནས་མཇལ་དུ་ཕེབས་མཁན་ཚོར་བཀའ་སློབ།


2016.12.30
༧གོང་ས་མཆོག་གིས་བོད་ནས་གནས་མཇལ་དུ་ཕེབས་མཁན་ཚོར་བཀའ་སློབ། ༢༠༡༦།༡༢།༢༩།༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་གནས་མཇལ་དུ་ཕེབས་པའི་བོད་མི་ཁག་གཅིག་ལ་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་བསྩལ་བ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །སྤྱི་ཟླ་ ༡༢ ཚེས་ ༢༩ ཉིན། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་གནས་མཇལ་དུ་ཕེབས་པའི་བོད་མི་ཁག་གཅིག་ལ་མཇལ་ཁ་དང་བླང་དོར་གྱི་བཀའ་སློབ་སྩོལ་སྐབས་ཁྱེད་རང་ཚོ་བློ་བདེ་པོ་གྱིས། ངོས་རང་ལོ་ ༨༡ ལ་བསླེབས་ནའང་གཟུགས་ཁམས་ཧ་ཅང་བདེ་པོ་ཡོད། འབྱུང་འགྱུར་ལོ་འགའ་ཤས་ནང་ཏན་ཏན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་རྒྱུ་རེད་ཅེས་བཀའ་སློབ་བསྩལ་གནང་མཛད་འདུག
དེ་ཡང་སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་ད་ལྟ་བར་དུ་བོད་ཅེས་འཛམ་གླིང་འདིའི་ཐོག་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་རྒྱ་ཆེ་མི་མང་གི་ཧ་ལས་པའི་སེམས་ཤུགས་ཡིན། རྒྱ་མིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། བོད་མི་མང་གི་སྙིང་སྟོབས་དང་། ལྷག་བསམ་ལ་འགྱུར་བ་མེད་པར་བསྡད་པར་བརྟེན་འཛམ་གླིང་གི་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད། ཁྱེད་རང་ཚོ་བློ་བདེ་པོ་གྱིས། ངོས་རང་ལོ་ ༨༡ ལ་བསླེབས་ནའང་གཟུགས་ཁམས་ཧ་ཅང་བདེ་པོ་ཡོད། འབྱུང་འགྱུར་ལོ་འགའ་ཤས་ནང་ཏན་ཏན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་རྒྱུ་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། གལ་གནད་ཆེ་ཤོས་ལོ་ན་གཞོན་པ་རྣམས་ཀྱིས་སློབ་སྦྱོང་བྱ་རྒྱུ་དེ་རེད། དེ་བཞིན་དཔལ་འབྱོར་འདུ་འགོད་བྱ་རྒྱུའང་གལ་གནད་ཆེན་པོ་རེད། དཔལ་འབྱོར་ཡར་རྒྱས་སོང་ན་རླངས་འཁོར་ཉོ་རྒྱུ་དང་། ཁང་པ་རྫིག་པོ་རྒྱག་རྒྱུ་སོགས་མིན་པར་མི་མང་སྐྱོ་པོའི་རིགས་ཀྱི་སློབ་སྦྱོང་ཐོག་ལ་རོགས་རམ་བྱ་རྒྱུ་དང་། སློབ་གྲྭ་དང་སྨན་ཁང་འཛུགས་རྒྱུ་སོགས་བྱེད་ཐུབ་ན་ཡག་པོ་རེད། ཅེས་དང་། གཞན་ཡང་༧གོང་ས་མཆོག་གིས་ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱས་པ་ཙམ་མིན་པར་གང་ཐུབ་སློབ་སྦྱོང་བྱེད་དགོས།
སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་ཅེས་པ་དེ་དག་གང་འདྲ་ཞིག་ཡིན་པ་ཡག་པོ་ཤེས་པར་བྱེད་ནས་སྐྱབས་འགྲོ་སེམས་སྐྱེད་འདོན་པ་དང་།  གཟུངས་སྔགས་མཎི་ཡིག་དྲུག་སོགས་བགྲངས་ན་ཕན་ཐོགས་ཧ་ཅང་ཡག་པོ་ཡོད་ཅེས་དང། མཇུག་མཐར་༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་བྱེད་བཞིན་ཡོད་སྟབས། ཁྱེད་རང་ཚོ་དུས་འཁོར་དབང་ཆེན་ཞུ་ཐུབ་མེད་ཀྱང་སེམས་ཁྲལ་གཏན་ནས་མ་བྱེད། བོད་ཟླ་བཅུ་གཅིག་པའི་ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད། སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབས། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད། ཅེས་སོགས་བཀའ་སློབ་བསྩལ་གནང་འདུག།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎