༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དུ་ཆིབས་བསྒྱུར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་ཆིབས་བསྒྱུར་གནང་གི་ཡོད་པའི་གནས་ཚུལ་འདུག
2009-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ཁུལ་ཆིབས་བསྒྱུར་གནང་གི་ཡོད་པའི་གནས་ཚུལ་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་འཆར་གཞིར་བཟུང་སང་ཚེས་སུམ་ཅུ་སོ་གཅིག་ཉིན་ཉི་ཧོང་ཁུལ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་དེ་ནས་ཁུལ་དེར་ཉིན་གྲངས་དྲུག་ཙམ་བཞུགས་རྒྱུན་རིང་རྒྱལ་ས་ཀྲོག་ཡོས་གཙོས་གྲོང་ཁྱེར་ཁག་ཅིག་ལ་མཛད་འཕྲིན་བསྐྱངས་གནང་རྒྱུ་ཡིན་འདུག

དེ་ཡང་མཛད་འཆར་ནང་གསལ་ལྟར་ན་རྒྱལ་ས་ཀྲོག་ཡོའི་ནང་སང་ཉིན་ཚེས་སུམ་ཅུ་སོ་གཅིག་ཉིན་མང་ཚོགས་ལ་ལམ་གཙོ་རྣམ་གསུམ་ཐོག་གསུངས་ཆོས་སྩལ་གནང་རྒྱུ་དང་དེ་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ཀྲོག་ཡོའི་ནང་ཉི་ཧོང་པའི་ཚན་རིག་པ་ཁག་ཅིག་དང་ལྷན་དུ་འབྱུང་འགྱུར་གྱི་ས་གཞི་ཞེས་པའི་བརྗོད་གཞིའི་ཐོག་ནང་ཆོས་དང་དེང་དུས་ཚན་རིག་པའི་ལྟ་ཚུལ་གྱི་སྒོ་ནས་བགྲོ་གླེང་གི་ལྷན་ཚོགས་ཐོག་དབུ་བཞུགས་གནང་རྒྱུ་ཡིན་པ་དང་ཚེས་གསུམ་ཉིན་གྲོང་ཁྱེར་མ་ཚུ་མ་མ་ཞེས་པའི་ནང་མང་ཚོགས་ལ་གསུངས་བཤད་གནང་རྒྱུ། ཚེས་ལྔ་ཉིན་གྲོང་ཁྱེར་ཨོ་ཀི་ན་ལྦའི་ནང་མི་མང་ལ་ཞི་བདེ་དང་བྱམས་བརྩེའི་སེམས་སྐྲུན་ཐབས་ཞེས་པའི་གླེང་གཞིའི་ཐོག་བཀའ་སློབ་གསུངས་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་ལོའི་ཕྱི་ཟླ་བཅུ་གཅིག་ནང་ཉི་ཧོང་ཁུལ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་སྐབས་དེར་རྒྱ་ནག་གཞུང་ནས་ཉི་ཧོང་གཞུང་ལ་ཐོག་མར་དགག་ཆ་དང་སྐྱོན་བརྗོད་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།