ས་ཡི་ཏ་མ་སྨན་ཁང་དང་སྨན་ཁང་གི་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར།

2016-11-26
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ནང་ཡོད་པའི་ས་ཡི་ཏ་མ་སྨན་ཁང་དང་སྨན་ཁང་གི་སློབ་གྲྭ་ཆེན་མོའི་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ནང་ཡོད་པའི་ས་ཡི་ཏ་མ་སྨན་ཁང་དང་སྨན་ཁང་གི་སློབ་གྲྭ་ཆེན་མོའི་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ།
༧དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་པོའི་ནང་གི་མཛད་འཕྲིན་ཁག་ལེགས་པར་སྒྲུབ་གནང་མཛད་དེ་བསྐྱར་དུ་ཉི་ཧོང་དུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། དེ་རིང་ཕྱི་ཚེས་༢༦ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་Saitama སྨན་ཁང་དང་Saitama སྨན་ཁང་གི་སློབ་གྲྭ་ཆེན་མོར་༧ཞབས་སོར་འཁོད་གནང་མཛད་དེ་དགེ་སློབ་ཚོར་བཀའ་སློབ་བསྩལ་བ་དང་འབྲེལ་དགེ་སློབ་ཚོའི་བཀའ་དྲིར་བཀའ་ལན་གནང་ཡོད་པ་དང་།  བཀའ་སློབ་གྲུབ་རྗེས་ཕྱི་ཕྱོགས་སུ་ས་གནས་ཉི་ཧོང་བ་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཞུ་རྒྱུར་ཕེབས་སྒུག་ཞུས་ཡོད་ཅིང་། དེ་རྗེས་ཉིན་དགུང་ལྗགས་སྨིན་སློབ་གྲྭ་ཆེན་མོའི་དབུ་ཁྲིད་ཁག་དང་ལྷན་དུ་གནང་ཡོད་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་མ་གནང་སྔོན་ཉི་ཧོང་ལ་༧ཞབས་སོར་འཁོད་གནང་མཛད་ཡོད་ཅིང་། དེའི་སྐབས་ཉི་ཧོང་མི་མང་ཚོར་བཀའ་སློབ་གསུང་བཤད་གནང་བའི་ནང༌། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་བྱམས་བརྩེ་དགོས་གལ་ཆེ་བ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་སོགས་གལ་ཆེའི་བཀའ་སློབ་བསྩལ་བ་དང༌།   ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་མ་ཟད་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ལ་ཡང་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་ཁར་རྒྱ་ནག་ནས་བཅར་མཁན་རྒྱ་མི་ཚོར་མཇལ་ཁ་བཀའ་སློབ་གནང་སྐབས་རྒྱ་མི་ཚོས་ནང་ཆོས་སློབ་སྦྱོང་བྱེད་དགོས་པ་བཀའ་གནང་ཡོད་པ་རེད༎

གསར་འགོད་པ་འཆི་མེད། འཇམ་དཔལ་ཕུན་ཚོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།