ཟླ་དྲུག་པའི་ནང་༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་༦པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད་།

2012.01.30

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་ལོ་རྒྱལ་ཁབ་གྲངས་ ༡༨ ནང་ཆོས་ཕྱོགས་དང་ཤེས་རིག་སོགས་དང་འབྲེལ་བའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་འདི་ལོ་ཕྱི་ཟླ་ ༦ པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པ་རེད་
དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ཟུང་འབྲེལ་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༦ པའི་ཚེས་ ༡༦ ནས་ཚེས་ ༢༣ བར་དབྱིན་ཡུལ་ནང་གསུང་ཆོས་དང་མི་མང་ལ་བཀའ་སློབ་གསུང་བཤད་སྩལ་གནང་རྒྱུ་ཡིན་སྐོར་གསུང་འདུག  ཁོང་གིས་༸གོང་ས་མཆོག་ཕྱི་རྒྱལ་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་ཁག་ནང་ཞི་བདེ་དང་འཚེ་མེད་ཞི་བའི་ལྟ་བ་དང་འགྲོ་བ་མིའི་ཀུན་སྤྱོད་དར་སྤེལ་གྱི་གནད་དོན་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུར་ཐུགས་མཉེས་་པོ་ཡོད་པ་རེད་ཅེས་གསུང་འདུག སྔ་ལོ་༸གོང་ས་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ ༡༨ ནང་ཆིབས་བསྒྱུར་གྲངས་ ༢༡ གནང་ཡོད་ཅིང་དེ་དག་ནང་ཨ་རི་དང་ཉི་ཧོང་ལ་ཐེངས་གཉིས་རེ་དང་རྒྱ་གར་ནང་ཁུལ་ཐེངས་ ༢༣ ཕེབས་གནང་ཡོད་པ་རེད་ ཡང་སྔ་ལོ་༸གོང་ས་མཆོག་ལྷོ་ཨཕི་ཀའི་ཡུལ་གྲུར་ནོ་སྦེལ་ཞི་བའི་གཟེངས་རྟགས་ཐོབ་གནང་མཁན་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གིས་གདན་ཞུས་ཀྱིས་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་ནའང་རྒྱ་གཞུང་གིས་ཨཕརི་ཀའི་ཡུལ་ལ་གནོན་ཤུགས་ཀྱིས་ཐོངས་མཆན་སྦི་ས་མ་འབུལ་་སྟབས་ཕེབས་ཐུབ་་མེད་པ་རེད་།          

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎