ནང་སྲིད་བཀའ་བློན་མཆོག་མངའ་སྡེའི་བློན་ཆེན་དང་མཇལ་བ།


2016.04.29
ནང་སྲིད་བཀའ་བློན་མཆོག་Jammu Kashmirམངའ་སྡེའི་བློན་ཆེན་དང་མཇལ་སྐབས། ༢༠༡༦།༤།༢༧ ནང་སྲིད་བཀའ་བློན་མཆོག་Jammu Kashmirམངའ་སྡེའི་བློན་ཆེན་དང་མཇལ་སྐབས། ༢༠༡༦།༤།༢༧
tibet.net

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལྟར་ན། ཉེ་ལམ་ཕྱི་ཚེས་ ༢༧་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་Mehbooba Mufti་མཆོག་གཙོས་པའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་། མངའ་སྡེའི་མཉམ་འབྲེལ་བློན་ཆེན་ཚེ་རིང་རྡོ་རྗེ་མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།
མཇལ་འཕྲད་དེའི་ཐོག་ནང་སྲིད་བཀའ་བློན་མཆོག་ནས། རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཇུས་ཕྱི་ལོ་ ༢༠༡༤་ཞེས་པ་དེ་ལག་བསྟར་གང་མགྱོགས་འབྱུང་ཐབས་དང་། མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཁུལ་དེའི་བོད་མི་རྣམས་ལ་བཟའ་འབྲུའི་ལག་དེབ་ration card་ཀྱི་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ། དེ་བཞིན་ལ་དྭགས་ལྷོ་བྱང་གཉིས་ཀྱི་བོད་མི་ཚོར་ མཐུན་འགྱུར་རོགས་རམ་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཀྱང་ཕུལ་གནང་འདུག
ཕྱི་ཚེས་༢༨་ཉིན་ནང་སྲིད་བཀའ་བློན་མཆོག་གིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་Nirmal Kumar Singh་མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ༢༠༡༤་ཞེས་པ་དེ་ལག་བསྟར་གནང་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག།
ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ ཚེ་བརྟན་དབང་ཕྱུག་ལགས། ནང་སྲིད་དྲུང་ལས་དངོས་གྲུབ་འོད་ཟེར་བཅས་ལྷན་བཅར་ཞུས་ཡོད་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎