བོད་མི་བཙན་བྱོལ་བར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས།


2014.05.20
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་དོན་ཐོག་ལ་འགན་འཁུར་བཞེས་མཁན་བློན་ཆེན་སྐུ་ཞབས་Kaul Singh Thakur དང་མཇལ་འཕྲད་སྐབས། ༢༠༡༤།༥ ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་དོན་ཐོག་ལ་འགན་འཁུར་བཞེས་མཁན་བློན་ཆེན་སྐུ་ཞབས་Kaul Singh Thakur དང་མཇལ་འཕྲད་སྐབས། ༢༠༡༤།༥
པར། བོད་མིའི་སྒྲིག་འཛུགས

ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཁག་ཅིག་དང་མཉམ་བོད་མི་བཙན་བྱོལ་བར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཀྱི་བཀའ་མོལ་ཞུས་འདུག
དེ་ཡང་སྤྱི་ཟླ་༥པའི་ཚེས་༢༠ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མ་ཅལ་མངའ་སྡེའི་སིམ་ལ་ས་གནས་སུ་ཕེབས་ཏེ་མངའ་སྡེ་དེའི་འཕྲོད་བསྟེན་དང་ཁྱིམ་ཚང་གི་བདེ་དོན་ཐོག་ལ་འགན་འཁུར་བཞེས་མཁན་བློན་ཆེན་སྐུ་ཞབས་Kaul Singh Thakur དང། མངའ་སྡེའི་ཟ་འབྲུའི་བློན་ཆེན་Sudhir Sharma, ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་Prathasarthi Mitra བཅས་དང་མཇལ་འཕྲད་ཞུས་ཏེ། ཧི་མ་ཅལ་མངའ་སྡེའི་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཚོར་དུས་ཡུན་རིང་པོ་ནས་འཕྲད་བཞིན་པའི་དཀའ་རྣམས་གང་མགྱོགས་སེལ་ཐབས་ཡོང་བའི་རེ་སྐུལ་ཞུས་པ་དང་། དེའི་ཁོངས་ནས་རེ་སྐུལ་ཞུ་རྒྱུའི་གནད་དོན་གཙོ་བོ་གཅིག་ནི། སིམ་ལ་ས་གནས་སུ་གནས་སྡོད་བྱེད་མཁན་བོད་མིའི་ཁྱིམ་ཚང་༡༢༥ ཡོད་པའི་སྡོད་གནས་ཉམ་གསོ་གནང་རྒྱུ་དང་། བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིའི་ལམ་ཟུར་དུ་ཁྲོམ་སྟོན་མཁན་བོད་མི་ཚོའི་ཁྲོམ་སའི་དཀའ་ངལ་འཕྲད་བཞིན་པ་དེ་དང་། ད་དུང་མེག་ལོར་གྷན་ཇི་ཡི་བོད་ཀྱི་ཟློས་སྒར་ཚོགས་པར་བསྐྱོད་ཡུལ་གྱི་ལམ་གཡས་གཡོན་དུ་གནས་སྡོད་བྱེད་མཁན་བོད་མིའི་སྡོད་ཁྱིམ་༢༡༠ཡི་སྡོད་ཁང་གཏོར་དགོས་པའི་བཀའ་ཕེབས་ཏེ་ཁོང་ཚོ་འགྲོ་ཡུལ་གཞན་མེད་པའི་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་ཀྱི་ཐོག་ལ་བཀའ་བསྡུར་ཞུས་པའི་ཁར། ཧི་མ་ཅལ་མངའ་སྡེ་གཞུང་ཕྱོགས་ནས་Rajiv Gandhi Anna Yojna ཞེས་པའི་ཟ་འབྲུའི་རོགས་རམ་ལས་གཞིའི་དེའི་ཁོངས་སུ་བོད་མི་བཙན་བྱོལ་བ་ཚོར་ཟ་འབྲུའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད། ནང་སྲིད་བཀའ་བློན་མཆོག་ཕྱི་ཟླ་ལྔ་པའི་ཚེས་༡༥ ནས་༢༥ བར་ཉིན་གྲངས་བཅུའི་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སིམ་ལ་ས་གནས་དང་། དེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་Banglore, གྲོང་ཁྱེར་མུམ་བྷེ་བཅས་སུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎