པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྐྱེན་ངན་དྲན་གསོ།

ཧོང་ཀོང་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་ཏེ་མི་ལོ་བཅུ་དགུ་འཁོར་བའི་ཉིན་མོ་དྲན་གསོ་ཞུས་འདུག

2008-06-01
Share

༄༅༎རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༩ ལོའི་ཕྱི་ཟླ་༦ པའི་ཚེས་༤ ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དམངས་གཙོའི་སློབ་ཕྲུག་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་མི་ལོ་༡༩ འཁོར་བའི་ལོ་འཁོར་གྱི་ཉིན་མོ་དྲན་གསོ་ཞུ་བའི་ཆེད་དུ་ད་རིང་ཧོང་ཀོང་ནང་མི་དམངས་༦༠༠ ཙམ་འདུ་འཛོམས་བྱས་ནས་ཧོང་ཀོང་གི་སྤྱི་གླིང་ནས་གཞུང་གི་ལས་ཁུངས་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

ཡིན་ནའང་རྒྱ་ནག་ནང་ཁ་སྔོན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་སྟེ་མི་དམངས་དྲུག་ཁྲི་དགུ་སྟོང་ལྷག་རྐྱེན་ལམ་དུ་ཕྱིན་པའི་འོག་སེམས་སྡུག་དང་མྱ་ངན་གྱི་གནས་སུ་ལྷུང་བཞིན་ཡོད་པའི་སྐབས་དེར་ལས་འགུལ་གོ་སྒྲིག་གནང་མཁན་གྱིས་ངོ་རྒོལ་དུས་དྲན་སྲུང་བརྩི་ཞུ་བའི་ཁྲོད་དུ་ཆབ་སྲིད་ཀྱི་འཚོ་བ་གཟབ་པའི་ལས་འགུལ་རིགས་སྤེལ་མེད་ཅིང་། ཁོ་ཚོའི་སྟོད་ཐུང་ཚོད་གཞི་ནག་པོ་གྱོན་པ་དང་ལག་ཏུ་འཁྱེར་བའི་ངོ་རྒོལ་གྱི་རས་དར་སྟེང་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་པ་དང་ཆབས་ཅིག་༡༩༨༩ ལོར་རྒྱ་ནག་གཞུང་གིས་རྒྱ་མི་རིགས་ཀྱི་དམངས་གཙོའི་སློབ་ཕྲུག་ཐོག་ལྕགས་ཁྲབ་འཁོར་ལོ་བཏང་སྟེ་མི་བསད་ཁྲག་སྦྱོར་གྱི་དྲག་གནོན་འོག་དམར་གསོད་བཏང་བ་ཚོར་དྲན་གསོའི་ཡི་གེ་བྲིས་པ་ལས་སྐད་འབོད་མ་བྱས་པར་ཞི་བའི་ཐོག་ནས་གོམ་བགྲོད་བྱས་པ་མ་ཟད། གོམ་བགྲོད་ལས་འགུལ་དེའི་རིང་ལ་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོར་དཔལ་འབྱོར་ཞབས་འདེབས་བསྡུ་སློང་བྱས་ཡོད་པ་རེད། རྒྱ་ནག་ནང་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་དེ་མ་བྱུང་གོང་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ནས་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་ལ་འགོག་རྐྱེན་བཟོ་ཐབས་བྱས་པ་དང་། བོད་ནང་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་མཁན་གྱི་བོད་མིའི་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་བྱ་སྤྱོད་ཐོག་ནས་རྒྱ་ནག་གཞུང་ལ་ཁོང་ཁྲོའི་སྐྱོན་བརྗོད་བྱེད་ཡུལ་ཞིག་ཏུ་གྱུར་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐོག་དོ་སྣང་བྱེད་བཞིན་པའི་སྐབས་དེར་ཉེ་ཆར་ས་ཡོམ་གྱི་གནོད་འཚེ་བྱུང་བའི་རྗེས་རྒྱ་ནག་ཕྱོགས་ལ་དོ་སྣང་བྱེད་ཡུལ་གྱི་ཁ་ཕྱོགས་འགྱུར་བ་ཕྱིན་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།