ཧོང་ཀོང་ཕྱོགས་འགལ་ཚོགས་པས་གྲོས་ཚོགས་ནས་དགོངས་ཞུ།

ཧོང་ཀོང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་གྲོང་ཁྱེར་གྱི་གྲོས་ཚོགས་ནས་དགོངས་ཞུ་གནང་འཆར།

2009-12-14
Share

༄༅༎ཧོང་ཀོང་ནང་དམངས་གཙོའི་རང་དབང་ཆེ་རུ་གཏོང་རྒྱུར་ཕྱོགས་འགལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་གྲོང་ཁྱེར་གྱི་གྲོས་ཚོགས་ནས་དགོངས་ཞུ་གནང་རྒྱུའི་དགོངས་པ་ཡོད་པའི་གནས་ཚུལ་ཐོན་འདུག

གལ་སྲིད་གྲོང་ཁྱེར་གྱི་གུ་ཡངས་དང་དམངས་གཙོའི་ལྟ་བ་འཛིན་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གྲོས་ཚོགས་ནས་དགོངས་ཞུ་གནང་བ་ཡིན་ན་ཕྱི་ལོ་༡༩༩༧ལོར་གྲོང་ཁྱེར་དེ་རྒྱ་ནག་གིས་དབང་འཛིན་བྱས་པའི་དུས་སྐབས་དེ་ནས་རྒྱ་གཞུང་ཁ་གཏད་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ ཧོང་ཀོང་གི་གྲོས་ཚོགས་ནང་ཞབས་སྟེགས་གྲངས་༦༠ཡོད་པ་ནས་དམངས་གཙོའི་ལྟ་བ་བཟུང་མཁན་དང་རང་དབང་ཅན་གྱི་ཚོགས་པ་ཁག་གི་འཐུས་མི་༢༣ཡོད་ཅིང་ཁོང་རྣམས་གྲོས་ཚོགས་ནས་དགོངས་ཞུ་གནང་རྒྱུའི་གནད་དོན་དེས་གྲོས་ཚོགས་འཐུས་མི་དེ་དག་བར་འཁོན་འཛིན་གྱི་རྣམ་པ་ཞིག་ཐོན་བཞིན་ཡོད་པ་རེད་ དམངས་གཙོའི་ལྟ་བ་འཛིན་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་ཁྲིའུ་ཀན་ཡིས་ཧོང་ཀོང་གི་དམངས་གཙོའི་ལྟ་བ་འཛིན་མཁན་རྣམས་ཁ་འཐོར་དུ་འགྲོ་བའི་ཉེན་ཁ་འདུག་ཅེས་གསུངས་འདུག              ཧོང་ཀོང་གི་དམངས་གཙོ་ཚོགས་པས་བདུན་སྔོན་མའི་གཟའ་མཇུག་ནང་གྲོས་ཚོགས་ནང་གི་ཞབས་སྟེགས་ཁག་ཤོར་བའི་ཉེན་ཁར་དགོངས་ཞུ་མ་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་ གྲོས་ཚོགས་ཀྱི་འཐུས་མི་ཆ་ཚང་དགོངས་ཞུ་གནང་རྒྱུའི་དགོངས་འཆར་དེར་ཧོང་ཀོང་གི་གཞུང་ཞབས་རྙིང་པ་ལྕམ་ཨེན་སེན་ཁྲེན་དང་དམངས་གཙོ་ཚོགས་པའི་དབུ་འཁྲིད་མའར་ཊིན་ལི་སོགས་ཡོད་ཅིང་ཁོང་རྣམ་པས་རྒྱ་གཞུང་གིས་ཧོང་ཀོང་ནང་དམངས་གཙོའི་བཅོས་བསྒྱུར་ཐོག་ནར་འགྱང་བྱེད་བབ་དེ་འ་ཆད་འུ་ཐུག་གི་གནས་སྟངས་ཤིག་གཟིགས་ཀྱི་ཡོད་པ་རེད་གོང་ཞུས་ཀྱི་ཧོང་ཀོང་གི་དམངས་གཙོའི་ལྟ་བ་བཟུང་མཁན་རྣམས་ཀྱི་འཆར་གཞི་དེར་གྲོང་ཁྱེར་གྱི་དམངས་གཙོ་ཚོགས་པས་རྒྱབ་བསྐྱོར་མ་གནང་བ་ཡིན་ན་རྒྱ་གཞུང་ལ་དེ་བས་ཁེ་ཕན་ཡོང་ཉེན་ཡོད་པའི་གནས་ཚུལ་ཐོན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།