རྒྱའི་འོ་རྩམ་བཏུང་བའི་རྗེས་ཧོང་ཀོང་བོུ་ཞིག་ལ་ན་ཚ་བྱུང་བ།

རྒྱ་ནག་ནང་དུ་བཟོ་སྐྲུན་བྱས་པའི་འོ་རྩམ་བཏུང་བའི་རྗེས་ཧོང་ཀོང་ནང་གི་བུ་མོ་ཞིག་མཁལ་མའི་ནང་རྡོ་ཆུང་ཆུང་ཡོད་པ་ཤེས་རྟོགས་བྱུང་འདུག
2008-09-21
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཧོང་ཀོང་ནང་བུ་མོ་ལོ་གསུམ་ལ་སླེབས་པ་ཞིག་རྒྱ་ནག་ནང་དུ་བཟོ་སྐྲུན་བྱས་པའི་རྫས་འགྱུར་བསྲེས་ལྷད་བཏང་བའི་འོ་རྩམ་བཏུང་བའི་རྗེས་མཁལ་མའི་ནང་རྡོ་ཆུང་ཆུང་ཡོད་པ་སྨན་པའི་བརྟག་དཔྱད་ཀྱི་གྲུབ་འབྲས་ནང་ཐོན་ཡོད་ཀྱང་དེ་རིང་ཧོང་ཀོང་ས་གནས་སྨན་ཁང་གི་དཔོན་རིགས་ནས་བུ་མོ་དེའི་གཟུགས་གཞིའི་གནས་སྟངས་ཡག་པོ་ཡོད་པ་དང་མཁལ་མ་བཤག་གཅོད་བྱ་དགོས་གལ་མེད་པ་བཤད་ཡོད་པ་རེད།

དེ་ཡང་བར་ལམ་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུའི་འོ་རྩམ་ནང་ལ་རྫས་འགྱུར་མེའེ་ལི་མིན་ཞེས་འབོད་པ་བསྲེས་ལྷད་བཏང་བའི་དོན་རྐྱེན་ཐོན་པའཔི་རྗེས་ཕྲུ་གུའི་མཁལ་མའི་བྱེད་ལས་ཉམས་ཏེ་ཕྲུ་གུ་བཞི་རྐྱེན་ལམ་དུ་ཕྱིན་པ་དང་ཕྲུ་གུ་དྲུག་སྟོང་ཉིས་བརྒྱ་ལྷག་མཁལ་མའི་ནད་གཞི་བྱུང་བའི་གནས་ཚུལ་ཐོན་པའི་རྗེས་ད་རེས་ཧོང་ཀོང་ནང་ལ་ལོ་གསུམ་ལ་སླེབས་པའི་བུ་མོ་ཞིག་ལ་རྒྱ་ནག་ནང་བཟོ་སྐྲུན་བྱས་པའི་རྫས་འགྱུར་བསྲེས་ལྷད་བཏང་བའི་འོ་རྩམ་གྱིས་མཁལ་མའི་ནང་རྡོ་ཆགས་པའི་གནས་ཚུལ་ཐོན་པ་དེ་ནི་རྒྱ་ནག་སྐམ་ས་ཆེན་པོའི་ཕྱི་ཕྱོགས་སུ་འོ་རྩམ་གྱིས་ཕྲུ་གུར་ནད་གཞི་བཟོས་པའི་གནས་ཚུལ་ཐོན་པ་ཐེངས་དང་པོ་ཡིན་པ་རེད། ཧོང་ཀོང་གི་པིརིན་སེསི་མའར་ག་རེཏ་ཞེས་པའི་སྨན་ཁང་གི་མགྲིན་ཚབ་པ་རུས་མིང་མའ་ཡིས་ཨེ་པི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཕྲུ་གུ་བུ་མོ་དེར་མཁལ་མའི་ནང་རྡོ་ཡོད་པའི་ནད་རྟགས་གང་ཡང་མེད་པ་དང་སྨན་ཁང་ནས་བཤག་གཅོད་དང་སྨན་བཅོས་བྱ་དགོས་གལ་མེད་པ་གཟིགས་ཏེ་ནང་དུ་ཕྱིར་ལོག་བཏང་ཟིན་པ་དང༌། མཁལ་མའི་རྡོ་ཁག་ཅིག་རང་བཞིན་གྱིས་གཅིན་ལམ་ནས་འདོན་ཡོང་བ་དང་ཡིན་ནའང་སྨན་པ་ཚོས་བུ་མོ་དེའི་མཁལ་མའི་རྡོའི་གནས་སྟངས་ལ་མུ་མཐུད་རྟོགས་ཞིབ་དང་དོ་སྣང་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།