ཧོང་ཀོང་འོས་བསྡུའི་ཁྲོད་གཞུང་འཛིན་ཕྱོགས་གཏོགས་ལ་ཕམ་ཉེས།

2019-11-25
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་དགའ་སྤྲོའི་དཔལ་ལ་རོལ་བཞིན་པ།
ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་དགའ་སྤྲོའི་དཔལ་ལ་རོལ་བཞིན་པ།
ཨེ་ཨེཕ་པི།

ཧོང་ཀོང་ས་གནས་སོ་སོའི་གྲོང་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་གཞུང་འཛིན་ཕྱོགས་གཏོགས་ལ་ཕམ་ཉེས་ཆེན་པོ་བྱུང་ཏེ་ཧོང་ཀོང་གི་སྤྱི་ཁྱབ་པས་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་རྒྱུའི་རྣམ་འགྱུར་བསྟན་ཡོད་འདུག

ཧོང་ཀོང་ནང་གྲོང་སྡེ་ཁག་བཅོ་བརྒྱད་ཀྱི་ནང་གྲོང་སྡེ་ལྷན་ཁང་གི་འཐུས་མི་

༤༥༢ ཀྱི་འོས་བསྡུ་བྱས་པའི་ནང་མང་གཙོའི་ཕྱོགས་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་། གཞུང་འཛིན་ཕྱོགས་གཏོགས་ཕམ་ཉེས་ཆེན་པོ་བྱུང་བའི་རྗེས་ཧོང་ཀོང་དམིགས་བསལ་སྲིད་གཞུང་གི་འགོ་ཁྲིད་ཀེ་རི་ལེམ་Carrie Lam་ནས་མང་ཚོགས་ཀྱི་བདེ་སྡུག་ལ་ཉན་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་དགོས་བྱུང་ཡོད་འདུག ཕྱི་ཟླ་ ༡༡ ཚེས་༢༥ཉིན་ཧོང་ཀོང་དམིགས་བསལ་གཞུང་གི་འགོ་ཁྲིད་ ཀེ་རི་ལེམ་གྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ང་ཚོས་མང་ཚོགས་ཀྱི་བསམ་ཚུལ་ལ་ངོས་ལེན་དང་འབྲེལ་ངེས་པར་དུ་བསམ་ཞིབ་བྱེད་ཀྱི་ཡིན་ཞེས་བཀོད་པ་ལས་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད།

ཡང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ Geng Shuang གྱིས་རྒྱ་ནག་དབུས་གཞུང་གི་ངོས་ནས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཀེ་རི་ལེམ་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཡོད་ལ་ས་གནས་ཉེན་རྟོག་པ་དང་། ཁྲིམས་ཀྱི་འགྲོ་ལུགས་ཐོག་ནས་དྲག་ཟིང་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཚོར་ཉེས་ཆད་འགེལ་རྒྱུའི་ལས་དོན་ལའང་རྒྱབ་སྐྱོར་ཡོད་ཅེས་འགྲེལ་བརྗོད་བྱས་འདུག དེ་མིན་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུའང་པེ་ཅིན་གྱི་ཕྱོགས་གཏོགས་ཧོང་ཀོང་ས་གནས་གཞུང་ལ་འོས་བསྡུའི་ཁྲོད་ཕམ་ཁ་བྱུང་བའི་མཇུག་འབྲས་གང་ཡང་གླེང་སློང་བྱས་མེད་ལ། རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་འོས་བསྡུའི་ནང་ཨ་རི་ཐེར་འདོན་གྱིས་ཕྱིའི་རྒྱལ་ཁབ་ཀྱིས་རྒྱབ་ནས་བྱུས་བཀོད་དང་ཐེ་བྱུས་བྱས་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད།

ཧོང་ཀོང་མི་དམངས་ཚོས་འདས་པའི་ཟླ་བ་དྲུག་ཙམ་རིང་རྒྱ་ནག་གིས་ཧོང་ཀོང་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་པ་དང་། ཧོང་ཀོང་མི་དམངས་ཀྱི་རང་དབང་གྱི་གནས་བབས་ལ་དོ་ཕོགས་གཏོང་ཐབས་བྱེད་བཞིན་པར་ངོ་རྒོལ་རྒྱུན་མི་ཆད་པ་བྱེད་བཞིན་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།