ཧོང་ཀོང་གིས་ཁེ་ཎ་ཌའི་ནང་གི་རང་དབང་ལས་འགུལ་བ་གསུམ་རྗེས་དེད་ཀྱིས་ཞིབ་གཅོད་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག

2022.08.04
ཧོང་ཀོང་གིས་ཁེ་ཎ་ཌའི་ནང་གི་རང་དབང་ལས་འགུལ་བ་གསུམ་རྗེས་དེད་ཀྱིས་ཞིབ་གཅོད་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག བཙན་བྱོལ་གྱི་ཧོང་ཀོང་གྲོས་ཚོགས་གསར་འཛུགས་བྱེད་རྒྱུའི་གསར་འགོད་གསལ་བསྒྲགས་སྐབས། ༠༧།༢༧།༢༠༢༢
དྲ་བཤུས། /Hong Kong Parliament

དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་ཁེ་ཎ་ཌའི་ནང་གནས་སྡོད་བྱེད་བཞིན་པ་དང་དེ་སྔ་ཧོང་ཀོང་གི་མི་སེར་ཡིན་པ་རང་དབང་དོན་གཉེར་བ་(Baggio Leung)་དང་། (Yuan Gong-yi) (Ho Leung-mao)་གསུམ་གྱིས་ཁེ་ཎ་ཌའི་ནང་སྤྱི་ཟླ་༧པའི་ཚེས་༢༧ཉིན་བཙན་བྱོལ་གྱི་ཧོང་ཀོང་གི་གྲོས་ཚོགས་གསར་འཛུགས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པའི་རྗེས་སུ། འདི་ཚེས་༣གཟའ་ལྷག་པའི་ཉིན་ཧོང་ཀོང་གཞུང་གིས་ཁེ་ཎ་ཌའི་ནང་གནས་སྡོད་བྱེད་བཞིན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཁོང་གསུམ་གྱིས་ཧོང་ཀོང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་གཞིར་མ་བརྩིས་བར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་འོག རྗེས་འདེད་ཀྱིས་རྒྱལ་ཁབ་ག་འདྲ་ཞིག་གི་ནང་དུ་ཡོད་ཀྱང་ཞིབ་གཅོད་བྱེད་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག
ད་དུང་ཧོང་ཀོང་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་ལས་ཁུངས་ཟེར་བས་གོང་ཞུས་ཧོང་ཀོང་གི་རང་དབང་དོན་གཉེར་བ་མི་སྣ་གསུམ་པོ་དང་གཞན་རྣམས་ཀྱིས་ཁེ་ཎ་ཌའི་ནང་ཧོང་ཀོང་གི་ཕྱི་སྡོད་གྲོས་ཚོགས་ཟེར་བ་བཙུགས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་འདུག
ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བའི་འོག ཉེ་བའི་ནང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་༤༧དང་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ལ་ཧོང་ཀོང་གི་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎