ཧོང་ཀོང་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་མང་པོ་འཛིན་བཟུང་བཀག་ཉར་བྱས་འདུག

2021-01-06
Share
ཧོང་ཀོང་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་མང་པོ་འཛིན་བཟུང་བཀག་ཉར་བྱས་འདུག ཨ་རིའི་ཁྲིམས་རྩོད་པ་(John Clancey)ལགས་ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་སྐབས། ༢༠༢༡།༡།༦
Reuters

ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བ་ལྔ་བཅུ་ལྷག་འཛིན་བཟུང་དང་མཉམ་ཨ་མི་རི་ཀའི་ཁྲིམས་རྩོད་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག
འདི་ཚེས་༦ཉིན། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཉེན་རྟོག་པས། སྔ་ཕྱིར་བསྡོམས་པས་ཧོང་ཀོང་གི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་མི་སྣ་དང་དེ་མིན་གྱི་དམངས་གཙོའི་ཐོབ་ཐང་དོན་གཉེར་བ་ལ་སོགས་མི་གྲངས་༥༠ལྷག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། དེ་མིན་ཨ་མི་རི་ཀའི་ཁྲིམས་རྩོད་པ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་སྔ་ལོར་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་པ་ཟེར་བའི་རྩོད་གཞི་ཅན་གྱི་ཁྲིམས་གཞི་བཙན་བཀེལ་བྱས་པའི་རྗེས་སུ། ས་གནས་ཀྱི་དམངས་གཙོ་དོན་གཉེར་བའི་ཐོག་དྲག་གནོན་བྱེད་འགོ་ཚུགས་ནས་མི་མང་པོ་འཛིན་བཟུང་བྱེད་བཞིན་པ་ཡོད་པ་དང་། ཁྲིམས་གཞི་གསར་པ་དེའི་འོག་འདི་ཚེས་༦རེས་གཟའ་ལྷག་པའི་ཉིན། ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་ནང་དམངས་གཙོའི་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་དང་འབྲེལ་བ་ཡོད་པའི་མི་ཞིག་འཛིན་བཟུང་བྱས་པའི་རྗེས་སུ། (Ho Tse Wai)དང་ལག་འབྲེལ་ཞེས་པའི་ཁྲིམས་རྩོད་ལས་ཁང་ནང་གློ་བུར་དུ་འཛུལ་ནས་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ཞེས་པའི་ཁྲིམས་རྩོད་ཚོགས་པའི་ཚོགས་གཙོ་(John Clancey)ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་བ་མིང་འབོད་གནང་འདོད་མེད་པའི་མི་སྣ་ཞིག་གིས་རོ་ཡ་ཀྲར་གསར་ལས་ཁང་ལ་བརྗོད་འདུག
ཨ་རིའི་ཁྲིམས་རྩོད་པ་(John Clancey)ལགས་ནི་དམངས་གཙོའི་དབང་ཤུགས་སམ་(Power of Democracy)ཞེས་པའི་ཕྱི་ལོ་༢༠༢༠ལོའི་ཕྱི་ཟླ་༧་པའི་ནང་གཞུང་འབྲེལ་མ་ཡིན་པའི་ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་འོས་མི་འོས་འདེམས་བྱ་རྒྱུའི་་ལས་འགུལ་སྤེལ་མཁན་ཚོགས་པའི་དངུལ་གཉེར་ཡང་ཡིན་པ་རེད།
(John Clancey)འཛིན་བཟུང་མ་བྱས་གོང་རེས་གཟའ་ལྷག་པའི་ཉིན། ཧོང་ཀོང་གི་ཉེན་རྟོག་པས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་། གོང་ཞུས་འོས་བསྡུ་དང་འབྲེལ་བ་ཡོད་པའི་མི་སྣ་ལྔ་བཅུ་ལྷག་འཛིན་བཟུང་བྱས་འདུག
ཡང་ཁྲིམས་རྩོད་པ་(John Clancey)ལགས་ནི། ཨ་མི་རི་ཀའི་ཕྱི་བསྐྱོད་ལག་འཁྱེར་ཡོད་མཁན་ཞིག་ཡིན་སྐོར་ཁོང་གི་ཁྲིམས་རྩོད་ལས་ཁང་གིས་བརྗོད་འདུག
ཡང་དྲ་ལམ་ཁག་ནང་། ཧོང་ཀོང་གི་ཉེན་རྟོག་པ་གོང་ཞུས་ཁྲིམས་རྩོད་པའི་ལས་ཁང་ནང་འབྱོར་བའི་བརྙན་པར་བཏོན་འདུག་ལ། གནས་ཚུལ་ལྟར་ན། ཁྲིམས་རྩོད་ལས་ཁང་དེས་རྒྱ་ནག་གཞུང་གིས་བཙན་དབང་བྱེད་བཞིན་པའི་ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་མི་སྣ་མང་པོའི་ཆེད་ཁྲིམས་གཏུག་གནང་འཆར་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།