ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་པེ་ཅིན་དུ་འབྱོར་འདུག

2020-06-03
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་(Carrie Lam)་པེ་ཅིན་དུ། ༢༠༢༠།༦།༣
ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་(Carrie Lam)་པེ་ཅིན་དུ། ༢༠༢༠།༦།༣
AP

རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ཐག་གཅོད་བྱས་པའི་རྗེས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་པེ་ཅིན་དུ་འབྱོར་འདུག
ཧོང་ཀོང་གི་སྤྱི་ཁྱབ་ལྕམ་(Carrie Lam)་འདི་ཚེས་༣་གཟའ་ལྷག་པའི་ཉིན་པེ་ཅིན་དུ་འབྱོར་ཡོད་པ་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ཐག་གཅོད་བྱས་པའི་རྗེས། ཧོང་ཀོང་གཞུང་གིས་ཁྲིམས་ལུགས་ལག་བསྟར་བྱ་རྒྱུའི་ཐད་དང་དམིགས་བསལ་ཧོང་ཀོང་ནང་གི་ད་ལྟའི་གནས་སྟངས་སོགས་སྙན་སེང་ཆེད་ཁོ་མོ་པེ་ཅིན་དུ་ཆེད་ཕེབས་བྱས་པ་ཞིག་ཡིན་ཞིང་། ཚོད་རྩིས་བྱས་པ་ལྟར་ན། ཧོང་ཀོང་གི་སྤྱི་ཁྱབ་ལྕམ་(Carrie Lam)་དང་དཔོན་རིགས་ཚོ། ད་རེས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ལག་བསྟར་བྱ་ཕྱོགས་ཐད་རོགས་འདེགས་བྱ་རྒྱུའི་གནད་དོན་དང་། དེ་བཞིན་རྒྱ་ནག་གི་བདེ་འཇགས་མི་སྣ་ཚོས་ཧོང་ཀོང་ནང་གི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་གནད་དོན་ཐོག་གྲོས་བསྡུར་བྱ་འཆར་ཡོད་པ་ཧོང་ཀོང་དང་རྒྱ་ནག་གི་གནད་དོན་ཐོག་རྒྱུས་མངའ་ཡོད་མཁན་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ཐག་གཅོད་བྱ་རྒྱུར་ཧོང་ཀོང་གི་མི་དམངས་མང་པོས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་པ་རེད། ཧོང་ཀོང་མི་དམངས་ཚོས་ཁྲིམས་ལུགས་དེ་ཧོང་ཀོང་ནང་ལག་བསྟར་བྱས་ཚེ་ཧོང་ཀོང་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་བྱེད་དབང་མེད་པ་ཆགས་རྒྱུ་ཡིན་པར་སེམས་ཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ཐག་གཅོད་བྱ་རྒྱུར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཁྲིམས་ལུགས་དེས་ཧོང་ཀོང་ནང་འཛིན་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་མཇུག་སྒྲིལ་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པ་རེད།   


མཆན། (0)
Share
དྲ་གནས་ཆ་ཚང༌།