རྒྱ་ནག་གི་རྒྱལ་སྟོན་ཉིན་ཧོང་ཀོང་ནང་ཉེན་རྟོག་པ་སྟོང་ཕྲག་མང་པོ་བཀྲམ་ནས་དམ་དྲག་བྱས་འདུག


2020.10.01
རྒྱ་ནག་གི་རྒྱལ་སྟོན་ཉིན་ཧོང་ཀོང་ནང་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམས་འཇོག ༡༠།༡།༢༠༢༠ རྒྱ་ནག་གི་རྒྱལ་སྟོན་ཉིན་ཧོང་ཀོང་ནང་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམས་འཇོག ༡༠།༡།༢༠༢༠
RFA

རྒྱ་ནག་གི་རྒྱལ་སྟོན་ཉིན་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་རིགས་འགོག་ཐབས་སུ་ཧོང་ཀོང་ཁྱོན་ཡོངས་སུ་ཉེན་རྟོག་དམག་མི་དྲུག་སྟོང་ཙམ་འགྲེམས་འཇོག་གིས་ཁྲོམ་གཞུང་ཁག་ལ་དམ་དྲག་ཤུགས་ཆེ་བྱས་འདུག
དེ་ཡང་(AFP)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འདི་ཚེས་༡རེས་གཟའ་ཕུར་བུའི་ཉིན་མོ་ནི། རྒྱ་ནག་རྒྱལ་ཁབ་བཙུགས་ནས་མི་ལོ་༧༡འཁོར་བའི་རྒྱལ་སྟོན་གྱི་ཉིན་མོར་འཁེལ་གྱི་ཡོད་སྟབས། རྒྱ་ནག་དམར་ཤོག་ཚོགས་པས་ཉིན་དེར་རྒྱ་ནག་རྒྱལ་ཡོངས་ནང་གུང་སེང་བཞག་སྟེ་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་ནའང་། ཧོང་ཀོང་ནང་ཉིན་དེ་ནི་སྲིད་དབང་གཅིག་བསྡུས་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་རང་དབང་ཐོག་དམ་དྲག་བྱ་ཡུལ་ཧོང་ཀོང་ནང་མི་མང་ཚོར་མྱ་ངན་གྱི་དུས་ཚོད་ཞིག་ཡིན་པ་(AFP)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་། ཟླ་༡༠་བའི་ཚེས་༡་ཉིན་ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་ནང་མི་མང་ཚོས་རྒྱ་ནག་རྒྱལ་ཁབ་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་ཡོང་སྙམ་པའི་བློ་འཚབ་ཀྱིས། གྲོང་ཁྱེར་གྱི་ས་གནས་གང་སར་ཉེན་རྟོག་པ་མི་གྲངས་༦༠༠༠་ཙམ་འགྲེམས་འཇོག་བྱས་སྟེ། རྒྱ་ལམ་ཁག་ཏུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་གཞོན་སྐྱེས་ཚོར་སྔོག་བཤེར་བྱེད་པ་སོགས་དམ་དྲག་ཤུགས་ཆེ་བྱས་མིན་ལ་མ་བལྟོས་བར་མི་མང་ཁྲོམ་གཞུང་ལ་ཐོན་ནས་ལས་འགུལ་སྤེལ་བར་བརྟེན་ཉེན་རྟོག་པས་ཉུང་མཐར་ཡང་མི་གྲངས་༦༠་ཙམ་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གི་རྒྱལ་སྟོན་ཉིན་ཧོང་ཀོང་ནང་ཉེན་རྟོག་པ་སྟོང་ཕྲག་མང་པོ་འགྲེམས་འཇོག ༡༠།༡།༢༠༢༠

རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ཧོང་ཀོང་གི་མཚོ་ཁའི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་ནས་རྒྱ་ནག་དང་ཧོང་ཀོང་གི་རྒྱལ་དར་འཆར་བའི་ཐོག་ནས། ཧོང་ཀོང་ནང་ཉེན་རྟོག་པ་དང་  བདེ་འཇགས་མི་སྣའི་དམ་དྲག་ཆེན་པོའི་འོག་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་(Carrie Lam)་དང་རྒྱ་ནག་སྐམ་ས་ཆེན་མོའི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་མཉམ་ཞུགས་ཀྱིས་རྒྱ་ནག་རྒྱལ་སྟོན་ཉིན་མོ་སྲུང་བརྩི་བྱས་ནས། ཧོང་ཀོང་གི་སྤྱི་ཁྱབ་(Carrie Lam)་ཡིས། ཧོང་ཀོང་ནང་ཞི་བདེ་སླར་གསོ་ཐུབ་ཡོད་ལུགས་བརྗོད་ཡོད་པ་རེད།
སྔ་ལོར་ཧོང་ཀོང་ནང་རྒྱ་ནག་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠འཁོར་བའི་རྒྱལ་སྟོན་ཉིན་མོར་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོར་ཧོང་ཀོང་ནང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་ཐོག ས་གནས་ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་བྱུང་ཡོད་པ་རེད།
འདི་ལོ་ཧོང་ཀོང་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་ཐོག་བློ་འཚབ་དང་། དེ་བཞིན་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་ཆེད་རྒྱ་ལམ་ཐོག་མི་བཞི་ལས་འདུ་འཛོམས་བྱེད་ཆོག་གི་མེད་པའི་བཀའ་རྒྱའི་འོག ཕྱི་ཟླ་གསུམ་པའི་ནང་ཧོང་ཀོང་མི་མང་གིས་ཧོང་ཀོང་གི་རྒྱ་ལམ་ཐོག་འཛོམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་གཞུང་ཕྱོགས་ནས་ཆོག་མཆན་སྤྲད་མེད་པ་རེད།
ཡང་ས་གནས་ཉེན་རྟོག་པའི་གནས་ཚུལ་འབྱུང་ཁུངས་ཞིག་ནས་(AFP)་གསར་ལས་ཁང་དུ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ས་གནས་ཉེན་རྟོག་པ་དྲུག་སྟོང་ཙམ་འགྲེམས་འཇོག་བྱས་ནས་རྒྱུན་ལྡན་ས་གནས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡུལ་ཁུལ་དུ་ཞིབ་འཇུག་ནན་པོ་བྱེད་པ་དང་། གལ་ཏེ་མང་གཙོའི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་བ་ཡིན་ན་དེར་དམག་འགུལ་གྱི་ལས་འཆར་སྤེལ་རྒྱུའི་གྲ་སྒྲིག་བྱས་པ་ཞིག་ཡིན་ལུགས་གསལ་སྟོན་བྱས་ཡོད་པ་མ་ཟད། ཧོང་ཀོང་ཉེན་རྟོག་པའི་སྤྱི་ཁྱབ་(Chris Tang)་གིས། སུས་ཁྲིམས་འགལ་གྱི་ལས་ཀ་བྱས་ན། མི་དེ་འཛམ་གླིང་གི་ཐག་རིང་ས་ཁུལ་ག་བར་བྲོས་བྱོལ་བྱས་ཀྱང་ཉེན་རྟོག་པས་འཚོལ་ཞིབ་ཀྱིས་ཁྲིམས་ལ་སྦྱོར་རྒྱུའི་ཉེན་བརྡ་བཏང་འདུག
ཉེན་རྟོག་པས་བརྗོད་ན། རེས་གཟའ་ལྷག་པའི་ཉིན་དྲ་ཐོག་ནས་མི་མང་འདུ་འཛོམས་བྱེད་དགོས་པའི་འབོད་སྐུལ་བྱེད་མཁན་མི་ལྔ་འཛིན་བཟུང་བྱས་ཡོད་པ་མ་ཟད། རྒྱལ་སྟོན་ཉིན་མོར་མང་ཚོགས་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བྱ་རྒྱུའི་འཆར་གཞི་ཡོད་པར་གཞུང་ཕྱོགས་ནས་བདེ་འཇགས་དང་ཏོག་དབྱིབས་ནད་ཡམས་གཉིས་ཀར་ཁ་གཡར་ནས་ཆོག་མཆན་སྤྲད་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎