འདས་ལོའི་ནང་ཧོང་ཀོང་ནང་གི་རང་དབང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ།

2019-01-18
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥
AFP

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱིས་༢༠༡༨ ལོར་ཧོང་ཀོང་ནང་རང་དབང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་བཀོད་ཡོད་འདུག
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱིས་ཕྱི་ཚེས་༡༧ཉིན། ༢༠༡༨ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱས་ཡོད་ཅིང་། ཤོག་གྲངས་༦༧༤ཅན་གྱི་སྙན་ཐོ་དེའི་ནང་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་བཀོད་ཡོད་པ་དང་། དེའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ནི་༡༩༨༩ལོའི་རྗེས་སྡུག་ཤོས་སུ་སླེབས་ཡོད་པ་གསལ་བཏོན་བྱས་ཡོད་པའི་ཁར། ཧོང་ཀོང་གི་སྡེ་ཚན་ཁོངས་སུ་རྒྱ་ནག་གཞུང་དང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་ཧོང་ཀོང་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྟངས་འཛིན་དམ་དྲག་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོ་གྲོས་ཚོགས་འཐུས་མིའི་ནང་ཞུགས་རྒྱུའི་ཐོབ་ཐང་མེད་པ་བཟོས་ནས་ཁོང་ཚོ་གྲོས་ཚོགས་འཐུས་མིའི་གྲས་སུ་ཞུགས་རྒྱུར་མུ་མཐུད་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ་མ་ཟད། དེ་སྔོན་བྱུང་མྱོང་མེད་པའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོ་ཡི་ཡོད་པའི་ཉེས་མིང་བཏགས་ནས་ཧོང་ཀོང་གི་ཆབ་སྲིད་ཚོགས་པ་མི་རིགས་ཚོགས་པ་ཞེས་པ་མེད་པ་བཟོས་པ། དེ་བཞིན་དབྱིན་ཇིའི་དཔལ་འབྱོར་དུས་དེབ་ཚགས་ཤོག་གི་རྩོམ་བྲིས་འགན་འཛིན་གྱིས་ཧོང་ཀོང་གསར་འགོད་པའི་མཐུན་ཚོགས་ཐོག་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གྱི་མི་སྣ་གདན་ཞུས་ཀྱིས་བགྲོ་གླེང་ལྷན་ཚོགས་ཤིག་བྱས་པའི་རྐྱན་གྱིས་ཧོང་ཀོང་ནང་མུ་མཐུད་ནས་གསར་འགོད་པའི་ཕྱག་ལས་གནང་རྒྱུར་མཆོག་ཆན་མ་སྤྲད་པ་སོགས་འདས་པའི་ནང་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་གཞན་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་འདུག

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།