ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་སྐབས་མི་དམངས་ས་ཡ་གཉིས་ལྷག་འདུ་འཛོམས་བྱུང་འདུག

2019-06-17
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་སྐབས་མི་དམངས་ས་ཡ་གཉིས་ལྷག་འདུ་འཛོམས་བྱུང་སྐབས། ༢༠༡༩།༦།༡༦
ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་སྐབས་མི་དམངས་ས་ཡ་གཉིས་ལྷག་འདུ་འཛོམས་བྱུང་སྐབས། ༢༠༡༩།༦།༡༦
AFP

ཧོང་ཀོང་མི་དམངས་ས་ཡ་གཉིས་ལྷག་ཁྲོམ་གཞུང་ལ་འཛོམས་ནས་ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་འགན་འཛིན་དགོངས་པ་ཞུ་དགོས་བའི་དགོས་འདུན་བཏོན་འདུག
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་༢༠༡༤ལོའི་ཧོང་ཀོང་ནང་གི་ཉི་གདུགས་ཀྱི་ལས་འགུལ་སྐབས་ཀྱི་སློབ་ཕྲུག་གི་འགོ་ཁྲིད་གྲས་ཧོང་ཀྲི་ཧྥེན་ནམ་(Joshua wong) བཙོན་ཁང་ནས་གློད་བཀྲོལ་ཐོབ་མ་ཐག་ཕྱི་ཚེས་༡༦ཉིན།  དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་མི་དམངས་ས་ཡ་གཉིས་ཙམ་ངོ་རྒོལ་རྔམ་སྟོན་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག
སྤྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་བྱུང་བའི་ཉི་གདུགས་ལས་འགུལ་དེ་ཟླ་གཉིས་དང་ཕྱེད་ཀ་ལྷག་ལ་སྤེལ་ཡོད་པ་དང་། སྐབས་དེར་ལོ་ན་༡༧ ལས་སོན་མེད་པའི་ཧོང་ཀྲི་ཧྥིན་ལས་འགུལ་དེའི་དབུ་ཁྲིད་གཙོ་བོའི་གྲས་ཡིན་ཞིང་། རྗེས་སུ་ཁོང་ལ་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་འགལ་བའི་ཉེས་བ་བཙུགས་ནས་ཟླ་བ་གཉིས་ཀྱི་དུས་བཀག་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད། ཚེས་ ༡༧ ཉིན་ཧོང་ཀྲི་ཧྥིན་བཙོན་འཇུག་དུས་བཀག་ལོན་ནས་གློད་བཀྲོལ་ཐོབ་མ་ཐག་ཧོང་ཀོང་མི་དམངས་ཀྱི་རྔམ་སྟོན་ངོ་རྒོལ་ལས་འགུལ་ནང་ཞུགས་ཏེ། ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་འགན་འཛིན་(Carrie Lam)སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཧོང་ཀྲི་ཧྥིན་གྱིས་གལ་ཏེ་ཧོང་ཀོང་གི་དམིགས་བསལ་སྤྱི་ཁྱབ་འགན་འཛིན་(Carrie Lam)་གྱིས་དབང་ཆ་བློས་མ་བཏང་བར་མུ་མཐུད་དུ་ཧོང་ཀོང་སྤྱི་ཁྱབ་འགན་འཛིན་གྱི་གོ་གནས་ཟིན་པ་ཡིན་ཚེ། ཧོང་ཀོང་མི་དམངས་དེ་བས་མང་བ་ང་ཚོའི་འཐབ་རྩོད་ནང་ཞུགས་ནས། ཇི་སྲིད་ཧོང་ཀོང་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐོབ་ཐང་མ་ཐོབ་བར་དུ་ངོ་རྒོལ་མུ་མཐུད་ནས་བྱེད་ངེས་ཡིན་ཞེས་གསར་འགོད་པར་བརྗོད་འདུག
ཧོང་ཀོང་ནང་ཟླ་༦་ཚེས་༡༦ཉིན། སླར་ཡང་མི་དམངས་ས་ཡ་གཉིས་ཙམ་ཁྲོམ་གཞུང་དུ་ཐོན་ནས་ཧོང་ཀོང་གཞུང་གིས་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ངོ་རྒོལ་རྔོམ་སྟོན་བྱས་པ་དང་། དེ་ནི་ཧོང་ཀོང་གི་ལོ་རྒྱུས་ཐོག་གི་ཟིན་ཐོ་སླར་ཡང་བསྐྲུན་ཡོད་ཅིང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་གྱིས་ཕྱི་ཚེས་༡༥ཉིན་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ་གནས་སྐབས་དུས་མགྱངས་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ཐོག་རྒྱ་ནག་གཞུང་གིས་ཀྱང་ཧོང་ཀོང་གཞུང་གི་ཐག་གཅོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད། ཡིན་ནའི་ངོ་རྒོལ་རྔམ་སྟོན་བྱེད་མཁན་གྱི་ཧོང་ཀོང་མི་སེར་ཚོས་ཧོང་ཀོང་གཞུང་གིས་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུ་མེད་པ་བཟོ་དགོས་པ་མ་ཟད། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་(Carrie Lam)་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་བཏོན་བཞིན་པ་རེད། ཡིན་ནའི་ཧོང་ཀོང་གཞུང་གི་དཔོན་རིགས་མཐོ་གྲས་ཤིག་གིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་སྤྱི་ཁྱབ་འགན་འཛིན་ལེམ་གྱིས་ལས་གནས་ནས་དགོངས་པ་ཞུ་འདོད་ཡོད་ན་ཡང་རྒྱ་ནག་གཞུང་གིས་དགོངས་པ་ཞུ་རྒྱུར་མོས་མཐུན་བྱེད་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག
གལ་ཏེ་དོགས་ཅན་ཉེས་ཅན་པ་རྩིས་སྤྲིད་ཁྲིམགས་ལུགས་ཟེར་བ་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གིས་ཁྲིམས་སྲོལ་ཐོག་ནས་གཏན་འབེབས་བྱས་ཚེ། རྒྱ་ནག་པེ་ཅིང་གཞུང་གིས་གང་བྱུང་ཧོང་ཀོང་ནས་མི་འཛིན་བཟུང་བྱས་རྗེས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་པ་དང་། གནས་སྟངས་དེ་ནི་ད་ལྟའི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དང་འགལ་ཟླ་ཡིན་པ་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་གཞི་རྩའི་སྲིད་ཇུས་དེ་རྩིས་མེད་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།