ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་དགོངས་པ་ཞུ་དགོས་བའི་ངོ་རྒོལ།

2019-06-21
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་དགོངས་པ་ཞུ་དགོས་བའི་ངོ་རྒོལ། 2019/6/21
ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་དགོངས་པ་ཞུ་དགོས་བའི་ངོ་རྒོལ། 2019/6/21
AFP

ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོས་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་གོ་གནས་ནས་དགོངས་པ་ཞུ་དགོས་བའི་ངོ་རྒོལ་བྱས་འདུག
ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོས་སླར་ཡང་རེས་གཟའ་པ་སངས་ཉིན། ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཀེ་རི་ལེམ་(carrie Lam)དགོངས་པ་ཞུ་དགོས་པ་དང་། ཉེན་རྟོག་ལས་ཁུངས་ནས་ད་རེས་འདས་པའི་ཉིན་ཤས་ཀྱི་ངོ་རྒོལ་གྱི་ལས་འགུལ་ནང་འཛིན་བཟུང་དོ་དམ་བྱས་པའི་མི་རྣམས་གློད་དཀྲོལ་གཏོང་དགོས་པའི་དགོས་དོན་བཏོན་ནས་ངོ་རྒོལ་ཤུགས་ཆེན་བྱས་འདུག
འགོ་ཁྲིད་མེད་པའི་མང་ཚོགས་རང་འགུལ་གྱིས་ངོ་རྒོལ་ནང་ཞུགས་མཁན་ཚོས་ཧོང་ཀོང་གི་ཉེན་རྟོག་ལས་ཁུངས་ཀྱི་མདུན་སྒོ་བཀག་སྟེ་ངོ་རྒོལ་བྱས་པ་དང་། ཉེན་རྟོག་ལས་ཁུངས་ཀྱི་དཔོན་རིགས་བགྲེས་པ་ཞིག་གིས། ངོ་རྒོལ་བྱེད་མཁན་ཚོ་དང་མཉམ་གྲོས་མོལ་གནང་རྩིས་ཡོད་ལུགས་བརྗོད་ཡོད་པའི་སྐོར་ཨེ་ཨེཕྷ་པི་་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
འདས་པའི་ཉིན་ཤས་ཀྱི་དུས་ཡུན་ནང་ཧོང་ཀོང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མང་ཚོགས་ས་ཡ་བརྒལ་བས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཧོང་ཀོང་ས་གནས་སྲིད་གཞུང་གི་འགོ་ཁྲིད་ལྕམ་ཀེ་རི་ལེམ་(Carrie Lam)་ནས་། མང་ཚོགས་ལ་དགོངས་སེལ་དང་མང་ཚོགས་ཀྱི་འདོད་བློར་མེད་པའི་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་དེ་དུས་ཚོད་ངེས་མེད་ཀྱི་བར་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བྱེད་དགོས་པ་བཟོས་ཡོད་པ་རེད།
འོན་ཀྱང་ཧོང་ཀོང་གི་གཞོན་སྐྱེས་གཙོ་བོ་འགྱུར་བའི་མི་མང་མང་ཚོགས་ནས། ཁྲིམས་གཞི་དེ་གནས་སྐབས་ཕྱིར་འཐེན་བྱས་པ་ཙམ་གྱིས་མི་འགྲིག་པར་གཏན་དུ་ཕྱིར་འཐེན་བྱེད་དགོས་པ་དང་།་ཀེ་རི་ལེམ་ལས་གནས་ནས་དགོངས་པ་ཞུ་དགོས་པ། ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་འཛིན་བཟུང་དོ་དམ་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོན་འདུན་བཏོན་ཡོད་པ་རེད།
ཁ་སང་ཕྱི་ཚེས་༢༡་ཉིན་ངོ་རྒོལ་གྱི་ལས་འགུལ་དེ་ནི་གྲོང་ཁྱེར་གྱི་སློབ་ཕྲུག་མཐུན་ཚོགས་ནས་སྐུལ་འདེད་བྱས་པ་ཞིག་ཡིན་པ་དང་། གཞན་ཡང་མེ་ཏོག་གང་སར་ཤར་ཞེས་པའི་ཡོངས་གྲགས་ཆེ་བའི་སྤྱི་ཚོགས་བརྡ་འཕྲིན་ཞིག་གི་ཐོག་མང་ཚོགས་ལ་བརྡ་ལན་བཀོད་སྤེལ་གྱི་ནང་། ཕྱི་ཚེས་༢༡་གི་ངོ་རྒོལ་གྱི་ལས་འགུལ་དེ་ནི་ལས་འགུལ་མཐའ་མ་ཞིག་མིན་པར། ལས་འགུལ་དེ་འདྲ་བ་མུ་མཐུད་སྤེལ་དགོས་རྒྱུ་ཡིན་པ་དང་། མང་ཚོགས་ཀྱི་ངོས་ནས་ཧོང་ཀོང་ས་གནས་ལ་བཅང་པའི་བརྩེ་གདུང་དེ་རྣམ་པ་འདྲ་མིན་གྱི་ཐོག་ནས་གསལ་སྟོན་བྱ་དགོས་པའི་དུས་ཚོད་ཡིན་པ་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།