ཧོང་ཀོང་གི་མི་དམངས་སྟོང་ཚོ་མང་པོ་གནམ་ཐང་ལ་འཛོམས་ནས་ངོ་རྒོལ་བྱས་འདུག

2019-08-09
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་གི་མི་དམངས་སྟོང་ཚོ་མང་པོ་གནམ་ཐང་ལ་འཛོམས་ནས་ངོ་རྒོལ་བྱས་སྐབས། ༢༠༡༩།༨།༩
ཧོང་ཀོང་གི་མི་དམངས་སྟོང་ཚོ་མང་པོ་གནམ་ཐང་ལ་འཛོམས་ནས་ངོ་རྒོལ་བྱས་སྐབས། ༢༠༡༩།༨།༩
Reuters

ཧོང་ཀོང་ནང་གི་གནས་སྟངས་ཐད་གོ་རྟོགས་སྤེལ་ཆེད་གྱོན་ཆས་ནག་པོ་གྱོན་པའི་ངོ་རྒོལ་བ་སྟོང་ཚོ་མང་པོ་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་དུ་འཛོམས་ནས་ལས་འགུལ་སྤེལ་འདུག
ཉེ་སྔོན་ཕྱི་ཟླ་༦པ་ནས་བཟུང་། ཧོང་ཀོང་ནང་མི་དམངས་ཁྲི་ཚོ་མང་པོས་ཧོང་ཀོང་ས་གནས་སྲིད་གཞུང་ནས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་དེ་ཟླ་བ་གཉིས་ལྷག་ཙམ་འགྲོ་ཡི་ཡོད་པ་དང་། ད་ཆ་ལས་འགུལ་གྱི་ངོ་བོ་དེ་བཞིན་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ཙམ་མིན་པར་ དམངས་གཙོའི་རང་དབང་ཆེ་ཙམ་དགོས་པའི་ཁ་ཕྱོགས་སུ་འགྱུར་ཡོད་པ་རེད།
འདི་ཚེས་༩་རེས་གཟའ་པ་སངས་ཉིན། གྱོན་ཆས་ནག་པོ་གྱོན་པའི་ངོ་རྒོལ་བ་སྟོང་ཚོ་མང་པོ་ཧོང་ཀོང་གི་གནམ་ཐང་དུ་འདུ་འཛོམས་ཀྱིས་ལག་ཏུ་སྐད་ཡིག་སྣ་ཚོགས་ཐོག་བྲིས་པའི་ཧོང་ཀོང་ས་གནས་སྤྱི་ཁྱབ་པ་(Carrie Lam)་དང་ཉེན་རྟོག་སྐོར་སྲུང་བར་ངོ་རྒོལ་གྱི་འབོད་ཚིག་འཁོད་པའི་འཕྲེད་དར་ཐོག་པ་དང་། དེ་བཞིན་རི་མོ་དང་རྩོམ་ཡིག་ཐོག་ནས་ ཧོང་ཀོང་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་སྐོར་ངོ་སྤྲོད་ཀྱི་ཡིག་ཆ་སོགས་གནམ་གྲུའི་འགྲུལ་པ་རྣམས་ལ་འགྲེམས་སྤེལ་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ཐེངས་འདིའི་གནམ་ཐང་དུ་ངོ་རྒོལ་གྱི་ལས་འགུལ་དེར་གཞུང་གི་ཆོག་མཆན་མེད་ཀྱང་ས་གནས་གཞུང་ནས་དམ་དྲག་གི་བཀག་འགོག་བྱས་པའི་གནས་ཚུལ་བྱུང་མིན་འདུག་ལ་གནམ་ཐང་དུ་ཉེན་རྟོག་པ་འགྲེམས་འཇོག་བྱས་པའི་གནས་ཚུལ་ཡང་བྱུང་མིན་འདུག
ངོ་རྒོལ་བ་ཞིག་གིས། ཉེན་རྟོག་པ་འགྲེམས་འཇོག་མ་བྱས་པར་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ཞི་བའི་ལས་འགུལ་གྱི་ངོ་བོར་མུ་མཐུད་གནས་རྒྱུ་ཡིན་ལུགས་རོ་ཨི་ཀྲར་གསར་ལས་ཁང་ལ་བརྗོད་འདུག ཉེ་སྔོན་ཕྱི་ཟླ་༧པའི་ཚེས་༢༦་ཉིན་ལའང་ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་དུ་ གནམ་གྲུའི་སྲི་ཞུ་ལས་བྱེད་གཙོས་པའི་མི་མང་སྟོང་ཚོ་མང་པོས་ངོ་རྒོལ་གྱི་འདུ་འཛོམས་བྱས་ཡོད་ནའང་གནམ་གྲུ་འཕུར་བསྐྱོད་ལ་སོགས་པའི་རྒྱུན་ལྡན་གནམ་ཐང་གི་བྱེད་སྒོ་ཁག་ལ་དོ་ཕོགས་བྱུང་མེད་པར་བརྟེན་ད་རེས་སླར་ཡང་མང་ཚོགས་འདུ་འཛོམས་ཀྱི་ཞི་རྒོལ་གྱི་ལས་འགུལ་མ་གཏོགས་གནམ་གྲུ་འཕུར་བསྐྱོད་དང་། འགྲུལ་པ་ཕར་འགྲོ་ཚུར་འོང་ལ་སོགས་པའི་བྱ་བཞག་ཡོངས་རྗོགས་རྒྱུན་ལྡན་ལྟར་གནས་རྒྱུ་ཡིན་པ་གསལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།