ཧོང་ཀོང་ནང་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་སྤྲོད་དགོས་པ་དབྱིན་ཇིས་ནན་སྐུལ།

2019-04-25
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་རྒྱབ་སྐྱོར་བ། ༢༠༡༩།༤།༢༤
ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་རྒྱབ་སྐྱོར་བ། ༢༠༡༩།༤།༢༤
AFP

ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་ཀྱི་རང་དབང་ཐོག་བརྩི་བཀུར་ཆ་ཚང་བ་ཞུ་དགོས་ཀྱི་རེད་ཅེས་དབྱིན་ཇིའི་སྲིད་བློན་ལས་ཁུངས་ནས་གསུངས་འདུག
དེ་ཡང་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོས་སྤྱི་ལོ་༢༠༡༤་ལོར་ཧོང་ཀོང་ནང་ཉི་གདུགས་ཀྱི་ལས་འགུལ་སྤེལ་བའི་དོན་རྐྱེན་འོག་མང་གཙོ་དོན་གཉེར་བ་ཁག་ཅིག་ལས་འགུལ་གོ་སྒྲིག་བྱས་པའི་ཉེས་མིང་ཐོག་ནས་རེས་གཟའ་ལྷག་པའི་ཉིན་དངོས་སུ་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་བའི་ཉིན་གཅིག་གི་རྗེས་སུ་རེས་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་སྲིད་བློན་ ཊེ་རེ་ས་ མཱེ་མཆོག་གི་མགྲིན་ཚབ་པ་ཞིག་གིས། མི་འདི་དག་ལ་ཉེས་ཆད་བཀེལ་བ་འདི་མ་འོངས་པར་ཧོང་ཀོང་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིགས་བཀག་འགོག་ཆེད་དམིགས་ཚེ་འདི་ནི་ཧ་ཅང་གི་བློ་འཚབ་འོས་པའི་རང་བཞིན་ཞིག་རེད་ཅེརས་དང་། ཡང་མགྲིན་ཚབ་པ་དེས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་གཉིས་ཀ་སྲུང་སྐྱོབ་བྱ་རྒྱུ་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་རྒྱ་ནག་དང་དབྱིན་ཡུལ་ཟུང་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆའི་ནང་གསལ་ཡོད་པས་འདི་དག་ལ་བརྩི་བཀུར་བྱ་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།