གྷུ་གྷལ་ཁེ་ལས་ཁང་གིས་ཧོང་ཀོང་དང་འབྲེལ་བའི་གནས་ཚུལ་རྫུན་མ་སྤེལ་མཁན་བཀག་འདུག

2019-08-23
གློག་འཕྲིན།
མཆན།
Share
པར་བཀོད།
"ཁ་བཙུམ། ཁོང་ཚོ་གཉིད་མ་དཀྲོག་རོགས།" ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་དང་གནས་སྟངས་མཚོན་པའི་རི་མོ། ༢༠༡༩།༨
"ཁ་བཙུམ། ཁོང་ཚོ་གཉིད་མ་དཀྲོག་རོགས།" ཧོང་ཀོང་ནང་མི་དམངས་ཀྱི་ངོ་རྒོལ་དང་གནས་སྟངས་མཚོན་པའི་རི་མོ། ༢༠༡༩།༨
Photo: RFA

གྷུ་གྷལ་ཁེ་ལས་ཁང་གིས་ཧོང་ཀོང་ནང་གི་ངོ་རྒོལ་དང་འབྲེལ་བའི་བརྡ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་མཁན་ཡོའུ་ཊུབ་སྤྱི་ཚོགས་དྲ་བའི་སྤྱོད་བྱང་༢༠༠་ལྷག་སྒོ་རྒྱབ་འདུག
གྷུ་གྷལ་(google)ཁེ་ལས་ཁང་གིས་ཟླ་འདིའི་ཚེས་༢༢་ཉིན་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། གྷུ་གྷལ་ཁེ་ལས་ཁང་གིས་བརྙན་རིས་ལྟ་སྤེལ་བྱེད་ས་སྤྱི་ཚོགས་དྲ་ལམ་ཡོའུ་ཊུབ་(youtube)་ཀྱི་སྤྱོད་བྱང་༢༡༠་ཙམ་སྒོ་རྒྱབ་ཡོད་པ་རེད། སྒོ་བརྒྱབ་པའི་སྤྱོད་བྱང་དེ་དག་མཐུན་འགྲིག་གི་སྒོ་ནས་ཧོང་ཀོང་ནང་གི་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱས་པར་འབྲེལ་བ་ཡོད་པ་དང་། ཉིན་ཤས་གོང་སྤྱི་ཚོགས་དྲ་ལམ་ཁྲི་ཝེ་ཊར་(Twitter)་དང་། ངོ་དེབ་(Facebook)་སོགས་བརྒྱུད་སྤྱོད་བྱང་རྫུན་མའི་འོག་ཧོང་ཀོང་ནང་གི་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་སྤྱོད་བྱང་ཆིག་སྟོང་ཙམ་གྱི་སྒོ་བརྒྱབས་པ་རེད།
གྷུ་གྷལ་ཁེ་ལས་ཁང་གི་བདེ་འཇགས་ཚན་པའི་བཟོ་བཀོད་པས། མཐུན་འགྲིག་གི་སྒོ་ནས་ལས་འགུལ་ལ་ཤུགས་རྐྱེན་སྟེར་མཁན་ལ་རྡུང་རྡེག་མུ་མཐུད་ནས་བྱེད་ཆེད། ང་ཚོས་ཡོའུ་ཊུབ་(youtube) སྤྱོད་བྱང་དང་ཟློས་ལམ་ ༢༡༠་སྒོ་རྒྱབ་པ་ཡིན། སྤྱོད་བྱང་དེ་དག་གིས་མཐུན་འགྲིག་གི་སྒོ་ནས་ཧོང་ཀོང་ནང་གི་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་སྤེལ་གྱིན་ཡོད་པ་ཤེས་རྟོགས་བྱུང་ཞེས་འགྲེལ་བརྗོད་གནང་འདུག
གྷུ་གྷལ་ཡིས་སྤྱོད་བྱང་དེ་དག་གི་ཡོང་ཁུངས་གསལ་སྟོན་བྱས་མེད་ན་ཡང་། གྷུ་གྷལ་ཡིས་ཤེས་རྟོགས་བྱུང་བའི་གནད་དོན་དང་དེ་སྔ་ངོ་དེབ་དང་ཁྲི་ཝེ་ཊར་གྱིས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ལུགས་གསལ་བཤད་བྱས་པ་གཉིས་འདྲ་བོ་ཡིན་པ་འགྲེལ་བརྗོད་གནང་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་མི་དམངས་ལ་ལྟ་བ་དང་ལངས་ཕྱོགས་བརྗོད་པའི་ཐོབ་ཐང་དགོས་ལུགས་བཤད་འདུག ཡིན་ཡང་ཁྱད་མཚར་བ་ཞིག་ལ་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཡུལ་གྲུ་ཁག་ལ་ཁྱབ་ཆེ་བའི་ངོ་དེབ་དང་ཁྲི་ཝེ་ཊར། གྷུ་གྷལ་སྤྱི་ཚོགས་དྲ་ལམ་བཀག་ཡོད་མོད། གཞུང་གིས་དེ་ལྟར་ལོག་སྤྱོད་གཏོང་གིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།