རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཐེངས་༨པ།


2018.03.18
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཐེངས་༨པ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་པའི་སྐོར་བགྲོ་གླེང་ལྷན་ཚོགས་ཤིག་གནང་བཞག
བོད་མིའི་སྒྲིག་འཛུགས།

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཚོགས་ཐེངས་༨ ཚོགས་པའི་སྐབས་ཁ་ས་ཕྱི་ཚེས་༡༧ཉིན་བོད་སྐོར་དམིགས་བསལ་ཚོགས་མཐུན་ཞིག་ཚོགས་པའི་ནང་ རང་ཡུལ་ནས་བཙན་བྱོལ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་པའི་སྐོར་བགྲོ་གླེང་ལྷན་ཚོགས་ཤིག་གནང་བཞག སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་འབྲུག་བསྟན་སྐྱབས་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་འབབ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་ཡོང་དགོས་དོན། དལྟའི་འཆར་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ནས་རྒྱའི་དྲག་གནོན་དང་། རྒྱ་ནག་གིས་བོད་ཐོག་འཛིནཔའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་ད་བར་བོད་མི་༡༥༢ཙམ་ཀྱིས་རང་ལུས་མེར་སྲེག་བཏང་བ་དང་། དེ་བཞིན་བོད་ནང་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་མཁན་བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་༢༠༡༦ལོ་ནས་བཟུང་བཙོན་བཅུག་བྱས་པ། བླ་རུང་སྒར་དང་། ཡ་ཆན་སྒར་སོགས་ཆོས་སྡེ་མང་པོ་གཏོང་བཤིག་བཏང་བ་སོགས་ཞིབ་གསལ་འགྲེལ་བརྗོད་གནང་བཞག།།
གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎