གྷུ་གྷལ་ཚོང་ལས་ཁང་གིས་རྒྱ་ནག་གི་ཧཱ་ཝེ་དང་གནས་སྐབས་འབྲེལ་ལམ་བཅད་འདུག


2019.05.20
གྷུ་གྷལ་དང་ཨན་ཌརོཡེཌ་ཧཱ་ཝེ་སོགས་ཀྱི་ལས་རྟགས། གྷུ་གྷལ་དང་ཨན་ཌརོཡེཌ་ཧཱ་ཝེ་སོགས་ཀྱི་ལས་རྟགས།
བསྒྲིགས་བཟོ། RFA

གྷུ་གྷལ་དང་ཨན་ཌརོཡེཌ་ཚོང་ལས་ཁང་གིས་རྒྱ་ནག་གི་ཧཱ་ཝེ་ཚན་རྩལ་ཚོང་ལས་ཁང་དང་གནས་སྐབས་འབྲེལ་ལམ་བཅད་འདུག
གྷུ་གྷལ(Google)་དང་ཨན་ཌརོཡེཌ (Android)ཚོང་གཉེར་ཁང་གིས་རྒྱ་ནག་གི་ཧཱ་ཝེ་(Huawei)ཚན་རིག་ལས་རྩལ་ཚོང་ལས་ཁང་དང་། གཉེན་ཆས་དང་གློག་ཆས། དེ་བཞིན་ལག་རྩལ་ཞབས་ཞུའི་ལས་དོན་མཉམ་ལས་བྱ་རྒྱུ་གནས་སྐབས་འཚམས་འཇོག་བྱས་ཡོད་འདུག
དེ་ཡང་གྷུ་གྷལ(Google)་དང་ཨན་ཌརོཡེཌ (Android)འཚོལ་ཤེར་མ་ལག་ཚོང་གཉེར་ཁང་གིས་རྒྱ་ནག་གི་ཧཱ་ཝེ་(Huawei)་ཚན་རིག་ལས་རྩལ་ཚོང་ལས་ཁང་དང་གནས་སྐབས་ལས་དོན་མཉམ་ལས་འཚམས་འཇོག་བྱ་རྒྱུ་དེས་ཧཱ་ཝེ་ཡིས་གསར་དུ་བཟོ་སྐྲུན་བྱེད་པའི་ལག་འཁྱེར་ཁ་པར་ནང་གྷུ་གྷལ(Google)་དང་ཨན་ཌརོཡེཌ (Android)ཡིས་(gmail)་གློག་འཕྲིན་དང་། (youtube)་སོགས་གཉེན་ཆས་བྱེད་སྤྱོད་བྱེད་མི་ཐུབ་པ་ཆགས་རྒྱུ་ཡིན་འདུག  ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་(Trump)མཆོག་གིས་དམིགས་བསལ་སྐུ་དབང་བེད་སྤྱད་ནས་རྒྱ་ནག་གི་ཧཱ་ཝེ་(Huawei)་ཚན་རིག་ལས་རྩལ་ཚོང་ལས་ཁང་མིང་ཐོ་ནག་པོའི་ནང་བཅུག་ནས་ཐོན་རྫས་བེད་སྤྱོད་དང་ཉོ་ཚོང་འཚམས་འཇོག་དགོས་པའི་བཀའ་ཁྱབ་བཏང་བའི་རྗེས། ཨ་རིའི་ཚོང་དོན་ལས་ཁང་གིས་རྒྱ་ནག་གི་ཁ་པར་བཟོ་སྐྲུན་ཚོང་གཉེར་ཁང་ཧཱ་ཝེ་ཚུད་པའི་འབྲེལ་ཡོད་ཚོང་དོན་ལས་ཁང་༧༠ཙམ་མིང་འདོན་བྱས་ཡོད་ཅིང་། བཀའ་ཁྱབ་དེ་དངོས་སུ་ལག་བསྟར་བྱས་པའི་རྗེས་ཨ་རི་གཞུང་གིས་ཆོག་མཆན་མེད་པར་ཧཱ་ཝེ་ཚོང་གཉེར་ཁང་གིས་ཨ་རིའི་ཚོང་གཉེར་ཁང་ཁག་ནས་ལག་རྩལ་ཡོ་ཆས་ཉོ་སྒྲུབ་བྱ་ཐབས་མེད་པ་ཆགས་རྒྱུ་ཡིན་པ་རེད།
གྷུ་གྷལ(Google)་འཚོལ་གཤེར་གཉེན་ཆས་ཚོང་དོན་ལས་ཁང་གི་མགྲིན་ཚབ་པས། ཚོང་གཉེར་ཁང་དེས་ཧཱ་ཝེ་ཚོང་གཉེར་ཁང་ལ་ཡོ་ཆས་ཚོང་གཉེར་བཀག་སྡོམ་གྱི་འབྲེལ་ཡོད་བཀའ་རྒྱར་བརྩི་སྲུང་བྱ་རྒྱུ་ཡིན་པ་བརྗོད་འདུག་ཅིང་། ། འོན་ཀྱང་གྷུ་གྷལ་རྩེད་ཆས་དང་དེ་བཞིན་བདེ་འཇགས་ཀྱི་འགན་ལེན་ཐུབ་པའི་གཉེན་ཆས་རིགས་ཧཱ་ཝེ་ཡིས་བཟོ་སྐྲུན་བྱས་ཟིན་པའི་དངོས་ཟོག་རིགས་ནང་མུ་མཐུད་བེད་སྤྱོད་ཐུབ་རྒྱུ་ཡིན་པ་བརྗོད་འདུག
ཕྱི་ཚེས་༢༠ཉིན་ཧཱ་ཝེ་ཚན་རིག་ལག་རྩལ་ཚོང་གཉེར་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཨན་ཌརོཡེཌ (Android)་ཚོང་གཉེར་ཁང་གི་ཐོན་ཁུངས་མུ་མཐུད་གནས་མུས་ཡིན་ཞིང་།  དེར་བརྟེན་ཧཱ་ཝེ་ཚོང་གཉེར་ཁང་གིས་མུ་མཐུད་ནས་ཨན་ཌརོཡེཌ (Android)་ཚོང་གཉེར་ཁང་གིས་བཟོ་སྐྲུན་བྱས་པའི་ལག་འཁྱེར་ཁ་པར་དང་། ལག་འཁྱེར་གློག་ལས་འཕྲུལ་ཆས་བེད་སྤྱོད་འཕེལ་རྒྱས་གཏོང་རྒྱུའི་ནུས་པ་ཡོད་པས་ཧཱ་ཝེ་ཡི་དངོས་ཟོག་དང་། ཞབས་ཞུའི་ལས་རིགས་རྒྱ་ནག་གི་ཁྲོམ་རའི་ནང་ཤུགས་རྐྱེན་གང་ཡང་ཐེབས་རྒྱུ་མིན་ལུགས་སོགས་བཀོད་ཡོད་འདུག   ཡང་ཕྱི་ཚེས་༢༠ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའུ་ཀང་གིས། གནད་དོན་དེའི་ཐོག་རྒྱ་ནག་གཞུང་གིས་དོ་སྣང་བྱེད་མུས་ཡིན་ལུགས་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཚོང་གཉེར་ཁང་གིས་ཁྲིམས་ལུགས་ཐོག་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་གྷུ་གྷལ་(Google)་ཚོང་གཉེར་ཁང་གི་ཐག་གཅོད་དེས་རྒྱ་ནག་གི་ཧཱ་ཝེ་ཚོང་གཉེར་ཁང་གིས་ཕྱི་རྒྱལ་གྱི་ཁྲོམ་རའི་ནང་ལས་གཉེར་ལ་རྡུང་རྡེག་ཆེན་པོ་ཞིག་ཡིན་པ་དང་། ཕྱི་རྒྱལ་གྱི་བཟོ་སྩལ་བ་ཚོས་གྷུ་གྷལ་གཉེན་ཆས་བེད་སྤྱོད་མེད་པའི་ལག་འཁྱེར་ཁ་པར་རིགས་བེད་སྤྱོད་བྱེད་མི་སྲིད་པའི་བསམ་ཚུལ་བརྗོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎