ཐོབ་ཐང་དོན་གཉེར་མཁན་ཨ་རིའི་རྒྱལ་སྲུང་སློབ་སྟོན་པར་མཇལ་བ།

2016-08-31
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Rice་མཆོག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Rice་མཆོག
པར་ཚགས།

བོད་མི་སོཊ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཁག་གཅིག་ཨ་རིའི་རྒྱལ་སྲུང་སློབ་སྟོན་པར་མཇལ་འཕྲད་གྲོས་མོལ་གནང་འདུག
དེ་ཡང་བོད་མི་དང་ཤར་ཏུར་ཀིསི་ཐན་ལ་སོགས་པ་རྒྱ་ནག་གི་དབང་བསྒྱུར་འོག་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་མྱོང་བཞིན་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཁག་གཅིག་ཕྱི་ཟླ་༨་ཚེས་༣༡་ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Rice་དང་མཇལ་འཕྲད་གྲོས་མོལ་གནང་འདུག
སྐབས་དེར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱང་མཉམ་ཞུགས་གནང་སྟེ་བོད་ནང་གི་གནས་སྟངས་སྤྱི་དང་བཙོན་པ་བྱེ་བྲག་པ་ཁག་གཅིག་གི་གནས་སྟངས་ཐད་གསལ་བཤད་གནང་འདུག།
འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དེ་དག་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་གི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་གནད་ཡོད་ལས་བྱེད་པ་ལྷན་དུ་མཇལ་འཕྲད་ལྷན་ཚོགས་གནང་ཡོད་འདུག།
ཕྱི་ཟླ་༨་ཚེས་༣༡་ཉིན་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་རྒྱལ་སྲུང་སློབ་སྟོན་ལས་ཁུངས་ཀྱི་མགྲིན་ཚབ་པ་Ned Price་གྱི་མཚན་ཐོག་ནས་སྤྱིར་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Rice་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་གཅིག་དང་མཇལ་འཕྲད་ཀྱིས། གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནད་དོན་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་པ་དང་། དེ་བཞིན་ཨ་མི་རི་ཀའི་གཞུང་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འབྱུང་ཐབས་ཐད་དོན་ཕན་སོན་པའི་སྐུལ་ལྕག་བྱ་ཕྱོགས་ཐད་ཚོགས་བཅར་བ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོའི་དགོངས་ཚུལ་བསྡུ་རུབ་ཀྱང་གནང་ཡོད་པ་འཁོད་འདུག།
ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་ལྕམ་Susan Rice་ཡིས་ཚོགས་བཅར་བ་རྣམ་པར། ཨ་མི་རི་ཀའི་ངོས་ནས་སྤྱིར་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་ཐབས་ལ་ཆོད་སེམས་བརྟན་པོ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་ནང་ཆོས་ལུགས་རང་དབང་ཐེ་བའི་འཛམ་གླིང་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྱུང་ཐབས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་གསལ་བཤད་ཀྱང་གནང་འདུག་ལ། དེ་བཞིན་ཨ་རིའི་རྒྱལ་སྲུང་སློབ་སྟོན་ལས་ཁུངས་ཀྱི་མགྲིན་ཚབ་པ་Ned Price་གྱི་མཚན་ཐོག་ནས་སྤེལ་བའི་སྤྱིར་བསྒྲགས་དེའི་ནང་། རྒྱལ་སྲུང་སློབ་སྟོན་པ་ལྕམ་Rice་གྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་གནད་དོན་འདི་ནི་རྒྱ་ནག་རང་ཉིད་ཀྱི་ཕུགས་ཀྱི་ཁེ་ཕན་ཡིན་པ་གསལ་བཏོན་གནང་པ་དང་། གནད་དོན་འདི་འབྱུང་རྒྱུར་ཡང་ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་གྲོས་མོལ་གནང་ངེས་པར་སླེབས་རྒྱུ་ཡིན་པ་གསུངས་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།