༸གོང་ས་མཆོག་ཨའེ་སེ་ལེནདྲ་ཕྱོགས་སུ་ཕེབས་ཐོན་གནང་འདུག

༸གོང་ས་མཆོག་ཌེན་མཀ་ནས་ཐོན་མ་གནང་གོང་བོད་དོན་རྒྱབ་སྐྱོར་བ་དང་དད་ལྡན་མི་སྣ་མང་པོས་དགའ་དད་སྤྲོ་གསུམ་ངང་ཕེབས་བསྐྱེལ་ཞུས་པ།

2009.05.31

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཌེན་མཀ་དུ་མཛད་འཆར་ཁག་ལེགས་གྲུབ་རྗེས་རེ་གཟའ་ཉི་མའི་ཉིན་རྒྱལ་ས་ཁོ་པེན་ཧ་གེན་ནས་ཆིབས་ཞལ་བསྒྱུར་ནས་ཨའེ་སེ་ལེནདྲ་ཕྱོགས་སུ་མཁའ་ལམ་བརྒྱུད་ཕེབས་ཐོན་གནང་འདུག

༸གོང་ས་མཆོག་མགྲོན་ཁང་ནས་གནམ་ཐང་ཕྱོགས་སུ་ཐོན་མ་གནང་གོང་བོད་དོན་རྒྱབ་སྐྱོར་བ་དང་དད་ལྡན་མི་སྣ་མང་པོས་དགའ་དད་སྤྲོ་གསུམ་ངང་ཕེབས་བསྐྱེལ་ཞུས་འདུག

༸གོང་ས་མཆོག་ཨའེ་སེ་ལེནདྲ་དང་ནེ་ཐར་ལེནདྲ།ཕེ་རན་སི་བཅས་སུ་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང་ངའི་ཌེན་མཀ་དང་དེ་མིན་ཡུལ་གྲུ་གཞན་དུ་ཕྱོགས་སྐྱོད་ནི་སྔར་རྒྱུན་ལྟར་ཆོས་དང་ཤེས་ཡོན་འབྲེལ་ཆགས་ཡིན་པ་ལས་སྲིད་དོན་འབྲེལ་ཆགས་མི་སྐོར་༸གོང་ས་མཆོག་གིས་གསར་འགོད་པར་བཀའ་གནང་འདུག

ཌེན་མཀ་སྲིད་བློན་ལའར་སེ་ལོ་ཀི་རེ་སི་མུ་སེན་དང་དེ་མིན་དབུ་ཁྲིད་ཚོས་༸གོང་ས་མཆོག་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བར་གནོད་ཚབས་ཆེན་པོ་བཏང་ལུགས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ཕྱོགས་མཚུངས་ཕེ་རན་སིའི་རྒྱལ་ས་པེ་རི་སི་གྲོང་ཁྱེར་སྤྱི་ཁྱབ་པས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུ་རྒྱུའི་ཐག་གཅོད་ལ་ཡང་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་བསྟན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎