ཀྲོཧ་ཀྲི་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གནང་བ།

2016-10-11
གློག་འཕྲིན།
མཆན།
Share
པར་བཀོད།
སྐུ་ཞབས་Ilham Toht་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བུ་མོས་སྐུ་ཚབ་ཞུས་ནས་བཞེས་བ། ༢༠༡༦།༡༠།༡༡
སྐུ་ཞབས་Ilham Toht་མཆོག་གི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བུ་མོས་སྐུ་ཚབ་ཞུས་ནས་བཞེས་བ། ༢༠༡༦།༡༠།༡༡
DT/FB

རྒྱ་ནག་གཞུང་གི་བཙོན་ཁང་ནང་ཡོད་པའི་ཡུ་གུར་བའི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ ཨིལ་ཧམ་ཀྲོཧ་ཀྲི་Ilham Tohti་མཆོག་ལ་ལོ་འདིའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གནང་ཡོད་འདུག  
དེ་ཡང་Martin Ennals་གཟེངས་རྟགས་ཞེས་པ་དེ་བཞིན་། རྒྱལ་སྤྱིའི་ཉེ་ཡང་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་བརྒྱད་ཀྱིས་བདམས་གནང་བའི་བྱ་དགའ་དེ་བཞིན་བཙོན་ཁང་ནང་ཡོད་པའི་ཡུ་གུར་མི་རིགས་སྐུ་ཞབས་ཨིལ་ཧམ་ཀྲོཧ་ཀྲི་Ilham Tohti་མཆོག་ལ་གནང་གཏན་འཁེལ་བ་ལྟར་། གཟེངས་རྟགས་འབུལ་རྒྱུའི་མཛད་སྒོ་འདི་ཚེས་༡༡་གཟའ་མིག་དམར་གྱི་ཉིན་སུད་སིའི་གྲོང་ཁྱེར་འཇི་ནི་ཝའི་ནང་གནང་སྐབས་ ཁོང་གི་བུ་མོས་སྐུ་ཚབ་ཞུས་ནས་གཟེངས་རྟགས་བཞེས་འདུག  
དགུང་གྲངས་༤༦་ཡིན་པའི་སྐུ་ཞབས་ཨེལ་ཧམ ཏོ་ཧྭི་ཏེ་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་འོག་ནས་སྤྱི་ལོ་༢༠༡༤་ལོའི་ཟླ་༩་པའི་ནང་། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
གོང་ཞུས་ཨི་ཧམ་ཀྲོཧ་ཀྲི་མཆོག་ནི་དེ་སྔ་པེ་ཅིན་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་ཡིན་ཞིང་། ཁོང་གིས་རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ཐོག་གཏན་འབེབས་དང་ལག་བསྟར་བྱས་དང་བྱེད་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ནའང་། ཡུ་གུར་བ་ཚོ་རྒྱ་ནག་དང་ཁ་བྲལ་མི་དགོས་པར། རྒྱ་རིགས་དང་ཡུ་གུར་མི་རིགས་རྣམས་ཕན་ཚུན་འཆམ་མཐུན་ངང་མཉམ་གནས་བྱེད་རྒྱུར་དགོངས་པ་བཞེས་མཁན་ཞིག་ཀྱང་ཡིན་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་སྐུ་ཞབས་ཨེལ་ཧམ ཏོ་ཧྭི་ཏེ་དང་ཁོང་གི་སློབ་མ་ཚོས་ཁྲིམས་འགལ་ཚོགས་པ་བཙུགས་ནས་ཤིན་ཅང་རྒྱ་ནག་ནས་ཁ་བྲལ་ཐབས་བྱས་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཞི་འཇམ་དང་ཞི་བའི་མཐུན་འགྲིག་གི་ལྟ་བ་ཅན་གྱི་ཡུ་གུར་བའི་མཁས་པ་ཞིག་ལ་ཁྲིམས་ཆད་ལྕི་མོ་བཅད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་རབ་དང་རིམ་པ་ཞུས་ཡོད་པ་རེད།།

གསར་འགོད་པ་སྟག་ལྷ་རྒྱལ་དང་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།