རང་དབང་ཅན་གྱི་སློབ་གྲའི་མཐུན་ཚོགས་ཀྱིས་བོད་མིར་ཆེ་བསྟོད།

རྒྱ་གར་གྱི་རང་དབང་ཅན་གྱི་སློབ་གྲའི་སྤྱི་མཐུན་ཚོགས་པས་བོད་མི་བསོད་ནམས་དབང་འདུས་ལགས་ལ་བྱ་དགའ་ཕུལ་ནས་ཆེ་བསྟོད་ཞུས་འདུག

2011-12-14
Share

༄༅༎རྒྱ་གར་གྱི་རང་དབང་ཅན་གྱི་སློབ་གྲའི་སྤྱི་མཐུན་ཚོགས་པས་བསོད་ནམས་དབང་འདུས་ལགས་ལ་འདི་ལོ་ཤེས་ཡོན་ཐོག་གཟེངས་སུ་ཐོན་པའི་ཞབས་འདེགས་གང་ལེགས་ཞུས་གནང་བར་གཟེངས་རྟགས་བྱ་དགའ་ཕུལ་ནས་ཆེ་བསྟོད་ཞུས་འདུག་ རྒྱ་གར་གྱི་རང་དབང་ཅན་གྱི་སློབ་གྲའི་སྤྱི་མཐུན་ཚོགས་པས་རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ཌེ་ར་རྡུན་ཉེ་འཁྲིས་ཧར་སྦཏ་པུར་གྱི་ཌི་ཨར་སློབ་གྲའི་འགན་འཛིན་བསོད་ནམས་དབང་འདུས་ལགས་ལ་ཕྱི་ལོ་༢༠༡༠་དང་ཕྱི་ལོ་༢༠༡༡་ལོར་ཤེས་ཡོན་ཐད་ཞབས་འདེགས་གཟེངས་སུ་ཐོན་པ་གནང་བ་དེ་ངོས་འཛིན་གནང་སྟེ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་རྒྱ་གར་དབུས་གཞུང་གི་མིའི་ཐོན་སྐྱེས་ཡར་རྒྱས་བློན་ཆེན་ལྷན་ཚོགས་ཀྱི་རྒྱུས་ལས་སྐུ་ཞབས་ཨོསི་ཁའར་ཕར་ནེན་ཌེསི་མཆོག་གིས་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་གི་གཙོ་འཛིན་ལྦི་ནིཏ་ཇོ་ཤི་དབུས་པའི་ཆེས་མཐོའི་མི་སྣའི་སྐུ་མདུན་ལ་འདི་ལོའི་ཕྱི་ཟླ་༡༡་ཚེས་༢༩་ཉིན་རྒྱལ་ས་ལྡི་ལི་གསར་པའི་ཨ་ཤོ་ཀ་མགྲོན་ཁང་ཆེན་མོའི་ནང་གཟེངས་རྟགས་དེ་གནང་འདུག་ ཧར་སྦཏ་པུར་ནང་གི་ཌི་ཨར་སློབ་གྲ་ཞེས་པ་དེ་ནི་ཕྱི་ལོ་༡༩༩༡་ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་དེང་སྐབས་སློབ་གྲ་དེའི་ནང་བོད་པའི་སློབ་ཕྲུག་གཙོས་པའི་སློབ་ཕྲུག་༧༠༠་ཙམ་དང་ལས་བྱེད་པ་༢༠་སྐོར་ཞིག་ཡོད་པའི་གནས་ཚུལ་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།