རྒྱ་གར་རུ་དེ་སྔ་དབྱིན་ཇིའི་མངའ་འོག་རྒྱལ་ཁབ་ཀྱི་རྩེད་འགྲན།

རྒྱ་གར་རུ་དེ་སྔ་དབྱིན་ཇིའི་མངའ་འོག་རྒྱལ་ཁབ་ཀྱི་རྩེད་འགྲན་འཚོགས་སྐབས་བདེ་འཇགས་སྲུང་སྐྱོབ་གོ་སྒྲིག་ཞུ་འཆར་ལ་འདོད་བློ་ཚིམས་ཡོད་སྐོར།
2009-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་ལོར་ཡུལ་དེའི་ནང་ཀོ་མེན་ལྦེལ་ཐི་ཞེས་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་ཁག་དབར་གྱི་རྩེད་འགྲན་འཚོགས་སྐབས་བདེ་འཇགས་སྲུང་སྐྱོབ་གོ་སྒྲིགས་ཞུ་འཆར་ལ་རྩེད་འགྲན་དེའི་ནང་ཐེ་བྱུས་ཡོད་པའི་རྒྱལ་ཁབ་ཚང་མ་འདོད་བློ་ཚིམས་ཡོད་སྐོར་དེ་རིང་གསུངས་འདུག་ གོང་ཞུས་རྒྱ་གར་གཞུང་གིས་གཏམ་བཤད་དེ་ནི་དབྱིན་ཡུལ་གྱི་ཉིན་རེའི་གསར་ཤོག་ཌེ་ལི་ཀྲེ་ལི་གེརེཕ་ཞེས་པས་ལོ་རྗེས་མར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྩེད་འགྲན་འཚོགས་སྐབས་པ་ཀིསི་ཐན་གྱི་དྲག་སྤྱོད་པ་ཚོས་གཏོར་རྒོལ་གཏོང་ཉེན་ཡོད་པས་དབྱིན་ཡུལ་གྱི་རྩེད་འགྲན་པ་ཚོ་ཕྱིར་འཐེན་བྱེད་འཆར་ཡོད་ལུགས་ཀྱིས་གསར་འགྱུར་བཏོན་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད་ ཡིན་ནའི་དབྱིན་ཡུལ་གྱི་རྩེད་འགྲན་དཔོན་རིགས་རྣམས་ཀྱིས་ངོས་ལེན་གནང་མེད་པ་རེད་ རྩེད་འགྲན་དེ་དང་འབྲེལ་ཡོད་རྒྱ་གར་གྱི་དཔོན་རིགས་མཐོ་གྲས་སུ་རེཤ་ཀལ་མ་ཌི་ཡིས་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཐད་ཉེ་དུས་རྒྱ་གར་གྱི་ནང་སྲིད་ལས་ཁང་དང་ཀོ་མེན་ལྦེལ་ཐི་རྩེད་འགྲན་ཚོགས་པའི་ཚོགས་མི་དེ་བཞིན་བདེ་འཇགས་སྲུང་སྐྱོབ་ཀྱི་དཔོན་རིགས་རྣམས་འཚོགས་འདུ་ཚོགས་སྐབས་བདེ་འཇུགས་སྲུང་སྐྱོབ་གོ་སྒྲིགས་བྱེད་ཕྱོགས་ལ་ཚང་མ་འདོད་བློ་ཁེངས་པོ་བྱུང་ལུགས་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག འཆར་ལོའི་ཕྱི་ཟླ་བཅུ་པའི་ཚེས་གསུམ་ནས་བཅུ་བཞི་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྩེད་འགྲན་དེ་འཚོགས་སྐབས་དེའི་ནང་རྩེད་འགྲན་པ་༦༠༠༠་ལྷག་མཉམ་ཞུགས་གནང་སྐབས་ལྡི་ལི་ཉེན་རྟོག་མི་སྣ་གྲངས་༧༠༠༠༠་ལྷག་གིས་བདེ་འཇུགས་སྲུང་སྐྱོབ་ཀྱི་འགན་ལེན་འཆར་ཡོད་པའི་གནས་ཚུལ་འདུག༎

མཆན། (0)
Share
དྲ་གནས་ཆ་ཚང༌།