རྒྱ་གར་དང་མང་གཙོའི་ལམ་ལུགས་ལྡན་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཉེན་ཁར་ཁ་གཏད་ངེས་པར་དུ་གཅོག་དགོས།

2020-08-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་།ཤིན་ཅང་། ཐེ་ཝན་ཧོང་ཀོང་སོགས་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ངེས་པར་དུ་གླེང་དགོས་སྐོར་ཁ་ས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་NewsX ལ་གསུངས་འདུག
བོད་དང་།ཤིན་ཅང་། ཐེ་ཝན་ཧོང་ཀོང་སོགས་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ངེས་པར་དུ་གླེང་དགོས་སྐོར་ཁ་ས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་NewsX ལ་གསུངས་འདུག
NewsX

༄༅།།སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་དང་མང་གཙོའི་ལམ་ལུགས་ལྡན་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཉེན་ཁར་ཁ་གཏད་ངེས་པར་དུ་གཅོག་དགོས་པ་དང་བོད་དང་།ཤིན་ཅང་། ཐེ་ཝན་ཧོང་ཀོང་སོགས་ཀྱི་གནད་དོན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ངེས་པར་དུ་གླེང་དགོས་སྐོར་ཁ་ས་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་NewsX ལ་གསུངས་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་རང་བཙན་སླར་གསོ་བྱུང་ནས་ལོ་༧༤འཁོར་བའི་དུས་ཆེན་སྲུང་བརྕིའི་སྔ་ནུབ་སྟེ་ཁ་ས་ཕྱི་ཚེས་༡༤ཉིན་NewsXབརྙན་འཕྲིན་ལས་ཁང་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་སྐབས་རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་ཐོག་མར་རྒྱ་གར་དང་པ་ཀིས་ཐན་དུམ་བུ་གཉིས་སུ་ཁ་གྱེས་པ་དང་ཕྱི་ལོ་༡༩༦༢་ལོར་རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཐད་དམག་འཁྲུག་བྱུང་བ་སོགས་རྒྱལ་རབས་ལོ་རྒྱུས་ཐོག་ནས་རྒྱ་གར་ལ་འགོག་རྐྱེན་དུ་མ་ཞིག་འཕྲད་མིན་ལ་མ་ལྟོས་པར་རྒྱ་གར་གྱིས་སྤྱི་ཚོགས་དང་དཔལ་འབྱོར་ཆབ་སྲིད་སོགས་གང་སྤྱིའི་ཐད་ལ་ཡར་རྒྱས་ཧ་ལས་པའི་ཆེན་པོ་ཆེན་པོ་ཕྱིན་སྐོར་གསུངས་འདུག ད་དུང་ཁོང་གིས་དེ་སྔ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པ་བཞིན་དུ་ཉེ་དུས་རྒྱ་ནག་ནས་རྒྱ་གར་གྱི་གྷལ་ཝན་ས་མཚམས་ཁུལ་དང་བལ་ཡུལ་ནང་སིམ་འཛུལ་དང་དེ་བཞིན་ལྷོ་དང་ཤར་རྒྱ་མཚོའི་ནང་ལ་ཡང་ས་ཆ་བཙན་བཟུང་བྱ་རྒྱུའི་ཐབས་ཤེས་བྱེད་མུས་ཡིན་པ་གང་ལྟར་རྒྱ་ནག་གཞུང་གིས་ལྟ་གྲུབ་ཐོག་ནས་མང་གཙོའི་ལམ་ལུགས་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དམག་རྒྱབ་ཀྱི་ཡོད་སྟབས་རྒྱ་གར་ནི་མང་གཙོི་ལྡན་པའི་རྒྱལ་ཁབ་ཁག་སྣེ་འཁྲིད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་སྤྱིའི་སྡིངས་ཆ་ནང་རྒྱ་གར་གཞུང་གིས་མང་གཙོའི་ལམ་ལུགས་ལྡན་པའི་མཐུན་ཕྱོགས་རྒྱལ་ཁབ་གཞན་ཁག་དང་མཉམ་འབྲེལ་སྒོ་ནས་ཐེ་ཝན་དང་ཧོང་ཀོང་།ཤིན་ཅང་།བོད་སོགས་ཀྱི་གནད་དོན་ངེས་པར་དུ་གླེང་ནས་རྒྱལ་ཁབ་དེ་དག་གིས་གུ་ཡངས་ཅན་དང་མང་གཙོ་ཁག་ཚང་མས་རིན་ཐང་ཆེན་པོར་རྕིས་ཀྱི་ཡོད་པ་དང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་དགོས་པ་གླེང་དགོས་སྐོར་གསུངས་འདུག  NewsX ཡིས་གསར་འགོད་པ་གྷུ་ལ་ཀྲི་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མེད་སྐོར་གནས་འདྲི་ཞུ་སྐབས་སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་ཇེ་ཞན་དུ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་དེང་སྐབས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་འཕྲུལ་ཆས་ཀྱི་སོ་ལྟ་བྱེད་ཀྱི་ཡོད་པ་དང་བླ་རུང་སྒར་གཙོས་པའི་བོད་ཀྱི་དགོན་པ་མང་པོ་གཏོར་བཤིག་བཏང་བ་དང་གྲ་བཙུན་རྣམས་སྐྱ་ཕབ་བཅུག་པ་སོགས་ལ་བརྟེན་ནས་བོད་མི་༡༥༤ལྷག་གིས་རང་གི་སྐུ་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐོར་སོགས་གསུངས་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།