རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པའི་ནུས་སྟོབས་ཆེ་རུ་འགྲོ་བ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་གཏོར་རྒོལ་བཏང་བ་དེ་ནི་རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་ངོས་ལེན་བྱས་ཡོད་པ་རེད།

2008.09.14

༄༅༎རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པའི་རྒོལ་རྡུང་གཏོང་རིམ་བཞིན་པ་ཀི་སི་ཐན་གྱི་བྱ་སྤྱོད་ཡིན་པ་རྒྱ་གར་གཞུང་ཕྱོགས་ནས་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ད་རེས་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་གཏོར་རྒོལ་བཏང་བ་དེ་ནི་རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་ངོས་ལེན་བྱས་པར་བརྟེན་གནས་ཚུལ་དབྱེ་ཞིབ་པ་ཚོས་ད་ཆ་རྒྱ་གར་གཞུང་ཕྱོགས་ནས་རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་པའི་ནུས་སྟོབས་ཆེ་རུ་འགྲོ་བཞིན་པ་དེ་ངེས་པར་དུ་དོ་སྣང་བྱ་དགོས་པའི་སྐོར་གསུངས་ཡོད་པ་རེད།

རྒྱ་གར་རྒྱལ་ནང་དུ་ཡོད་པའི་མུ་ཇ་ཧིན་རྡིན་ཞེས་པའི་དྲག་སྤྱོད་ཚོགས་པས་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིའི་ནང་འབར་རྫས་ཀྱི་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མི་གྲངས་༢༠ རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་གྱི་བྱེད་གཏེ་ཡིན་པ་ངོས་ལེན་བྱས་པ་མ་ཟད། འདི་ལོའི་འགོ་སྟོད་དུ་རྒྱ་གར་གྱི་གྲོང་ཁྱེར་ཨེམ་རྡ་སྦའརྡེ་དང་ཇའེ་པུར་ཉིས་ནང་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་གྱི་བྱེད་གཏེ་ཡིན་པ་ངོས་ལེན་བྱས་ཡོད་པ་རེད། རྒྱ་གར་གྱི་མུ་ཇ་ཧི་རྡིན་ཞེས་པའི་ཚོགས་པ་དེ་ཡིས་ཁོང་རང་ཚོ་རང་ཉིད་ནས་ཁ་ཆེ་སྲུང་སྐྱོབ་དམག་མི་ཞེས་འབོད་ཀྱི་ཡོད་ཙང་། ཁོང་ཚོས་འདི་ལོ་ཕྱི་ཟླ་ལྔ་པའི་ནང་རྒྱ་གར་གྱི་ས་གནས་ཇའེ་པུར་ནང་གཏོར་རྒོལ་བཏང་སྟེ་མི་དམངས་༦༣ རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་ཐོན་པའི་རྗེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཨི་མེལ་བཏང་སྟེ་རྒྱ་གར་གཞུང་གིས་ཨ་མི་རི་ཀར་རྒྱབ་སྐྱོར་བྱེད་པ་དེར་ངོ་རྒོལ་གྱི་དམག་འཁྲུགས་ཀྱི་སྒོ་མོ་ཕྱེ་པའི་ཉེན་བརྡའི་འཇིགས་སྐུལ་བྱས་ཡོད་པ་དང་དེ་རྗེས་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་ས་གནས་ལྦ་ར་ན་སི་དང༌། ཕེ་ཛ་སྦའརྡེ་ དེ་བཞིན་ལཀི་ནོ་ནང་འབར་རྫས་ཀྱི་གཏོར་རྒོལ་རིམ་པ་བཏང་སྟེ་མི་དམངས་༡༣ རྐྱེན་ལམ་ཕྱིན་པའི་དོན་རྐྱེན་གྱི་རྗེས་སུ་ད་རེས་རྒྱ་གར་གྱི་མུ་ཇ་ཧི་རྡིན་ཞེས་པའི་དྲག་སྤྱོད་ཚོགས་པ་དེས་བསྐྱར་དུ་ལྡི་ལིའི་ནང་གི་གཏོར་རྒོལ་གྱི་བྱ་སྤྱོད་ངོས་ལེན་བྱས་ཏེ་ཐེངས་དང་པོ་མི་དམངས་ནང་དོ་སྣང་ཡོང་ཐབས་བྱས་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་སྲུང་སྐྱོབ་ཐད་ཀྱི་མཁས་དབང་ཚོས་གསུངས་དོན། རྒྱ་གར་གྱི་ངོས་ནས་དེ་སྔོན་ལྦ་ར་ན་སི་དང་ ཕེ་ཛ་སྦའརྡེ་ ལཀི་ནོ་ནང་འབར་རྫས་ཀྱི་གཏོར་རྒོལ་གྱི་བྱ་སྤྱོད་ཐོན་པའི་སྐབས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ལཤི་ཀར་ཨེ་ཏོའེ་སྦ་དང་ སྦང་ལ་རྡེཤ་ནང་རྟེན་གཞི་བྱས་པའི་ཧར་ཀཏ་ཨུལ་ཇི་ཧའརྡ་ཨེལ་ཨི་ལ་མི་དྲག་སྤྱོད་ཚོགས་འི་བྱ་སྤྱོད་ཡིན་པ་ངོས་འཛིན་བྱས་ཡོད་ཀྱངད་ཆ་རྒྱ་གར་རྒྱལ་ནང་གི་དྲག་སྤྱོད་ཚོགས་པའི་ཐོག་གདོང་ལེན་བྱ་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎