གནམ་གཤིས་འགྱུར་ཚོགས་ཆེན་ལ་རྒྱ་གར་ལ་གྲུབ་འབྲས་བྱུང་སྐོར།

རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ནས་འཛམ་གླིང་གནམ་གཤིས་ཚོགས་ཆེན་ཐོག་རྒྱ་གར་ལ་གྲུབ་འབྲས་གང་ལེགས་བྱུང་ཡོད་སྐོར་བརྗོད་བཞག།

2009-12-22
Share

༄༅༎དེ་རིང་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཇའེ་རཱམ་ར་མེཤ་ཡིས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ལ་ཀོ་པེན་ཧེ་གེན་དུ་ཚུགས་པའི་འཛམ་གླིང་གནམ་གཤིས་ཚོགས་ཆེན་ཐོག་རྒྱ་གར་ལ་གྲུབ་འབྲས་གང་ལེགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

ཁོང་གིས་གོང་ཞུས་ཚོགས་ཆེན་ཐོག་རྒྱ་གར་གྱིས་འཛམ་གླིང་ནང་སོ་ལའི་དུག་རླངས་བཙོག་པ་ཉུང་དུ་གཏོང་རྒྱུའི་དམིགས་ཚད་བཀག་པ་དེ་ཚོ་ངེས་པར་འགྲུབ་དགོས་པའི་འགན་འཁྲི་བཟོ་རྒྱུའི་ཐབས་ཤེས་བཀག་ཐུབ་པ་བྱུང་ཡོད་སྐོར་གསུངས་ཏེ།ཚོགས་ཆེན་གནང་བའི་དུས་ཡུན་བདུན་གཉིས་རིང་སྦེརེ་ཛིལ་དང་ལྷོ་ཨཕ་རི་ཀ། རྒྱ་གར་དང་རྒྱ་ནག་བཅས་ཀྱིས་འབྱོར་ལྡན་རྒྱལ་ཁབ་ཚོའི་གནོན་ཤུགས་འགོག་རྒྱུའི་ཐབས་ཤེས་ཟུང་འབྲེལ་ཐོག་ནས་གནང་བ་ཡིན་སྐོར་གྲོས་ཚོགས་འཐུས་མི་ཚོར་འགྲེལ་བརྗོད་གནང་འདུག།

ཀོ་པེན་ཧེ་གེན་གྱི་གནམ་གཤིས་ཚོགས་ཆེན་ཐོག་རྒྱ་གར་གྱིས་ཁས་ལེན་གཉིས་གནང་ཡོད་ནའང༌། འཛམ་གླིང་གི་དྲོད་ཚད་མཐོ་རུ་ཕྱིན་པའི་ལེ་ཁག་གཙོ་བོ་ཡོད་མཁན་འབྱོར་ལྡན་རྒྱལ་ཁབ་ཚོས་མ་འོངས་ཁོར་ཡུག་གི་དཀའ་ངལ་དེ་སེལ་ཐབས་ཀྱི་འགན་འཁུར་གཙོ་བཞེས་གནང་དགོས་རྒྱུའི་ཐོག་རྒྱ་གར་གྱིས་ཨུ་ཚུགས་མཐར་སྐྱེལ་གནང་ཡོད་པའི་སྐོར་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ཇའེ་རཱམ་ར་མེཤ་ཡིས་གསུངས་འདུག།

དེ་བཞིན་ཁོང་གིས་ཉིས་སྟོང་བཅུ་དང་འབྱུང་འགྱུར་གྱི་དུས་ཚོད་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དམིགས་བསལ་རྒྱ་གར་གྱི་ཁེ་ཁན་སྲུང་སྐྱོབ་ཀྱི་འགན་སྲུང་གནང་རྒྱུའི་དོན་དུ་རྒྱ་གར་གྱིས་སླད་ཕྱིན་མཐུན་ཕྱོགས་རྒྱལ་ཁབ་མཉམ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་སྐོར་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཐོག་གསུངས་བཞག།

ཀོ་པེན་ཧེ་གེན་གྱི་འཛམ་གླིང་གནམ་གཤིས་ཚོགས་ཆེན་གྱི་མཐའ་མའི་མཐུན་གྲོས་དེ་དམིགས་ཡུལ་ངེས་ཅན་མེད་པའི་མཐུན་གྲོས་ནུས་མེད་ཅིག་ཡིན་པར་གནད་དོན་དབྱེ་ཞིབ་པ་དང་གནམ་གཤིས་འགྱུར་ལྡོག་དོན་གཉེར་བ་ཚོས་ངོས་འཛིན་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།