གྲོང་ཁྱེར་མུམ་སྦའེ་ནང་དྲག་རྒོལ་བྱུང་རྗེས་ལོ་གཅིག་འཁོར་བ།

རྒྱ་གར་ནང་སྔ་ལོ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཤུགས་ཆེ་བཏང་ནས་ལོ་གཅིག་འཁོར་བའི་དུས་ཚིགས་དྲན་གསོ་ཞུས་ཡོད་འདུག

2009.11.26

༄༅༎དེ་རིང་ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་དྲུག་ཉིན་མོ་འདི་བཞིན་རྒྱ་གར་གྱི་ལོ་རྒྱུས་ནང་འཇིགས་སྐུལ་བའི་གཏོར་རྒོལ་ཚབས་ཆེ་ཤོས་བཏང་བའི་ཉིན་མོ་ཞིག་ཡིན་པ་ལྟར་ད་རིང་རྒྱ་གར་རྒྱལ་ཡོངས་སུ་དྲན་གསོ་ཞུས་ཡོད་པ་རེད། ལྷག་པར་དུ་གྲོང་ཁྱེར་མུམ་བྷ་ཡེ་ནང་ས་གནས་ཁག་གི་ནང་མར་མེའི་མཆོད་པ་ཕུལ་བ་དང་སྒྱུ་རྩལ་དང་ལག་རྩལ་འདྲ་མིན་བརྒྱུད་ལམ་ནས་སྔ་ལོ་ཚེ་སྲོག་ཤོར་བའི་མི་རྣམས་ལ་དྲན་གསོ་ཞུས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་མཛད་སྒོའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དབུས་པས་ཕྱི་ནང་གི་དཔོན་རིགས་མང་པོ་མཉམ་ཞུགས་གནང་བ་དང་། གསུང་བཤད་གནང་བའི་ནང་ཚང་མས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་རྩ་མེད་བཟོ་རྒྱུར་འཛམ་གླིང་གི་མི་ཚང་མས་རྡོ་རྩ་ཆིག་བསྒྲིལ་བྱེད་དགོས་ལུགས་གསུངས་ཡོད་པ་རེད། ཡང་དེ་རིང་དྲན་གསོའི་ཉིན་མོར་རྒྱ་གར་གྱི་སྲིད་བློན་མཆོག་གིས་སྔ་ལོའི་དོན་རྐྱེན་འོག་རྐྱེན་ལམ་དུ་ཕྱིན་པའི་མི་གྲངས་བརྒྱ་དང་དྲུག་བཅུ་རེ་དྲུག་ཚང་མར་གུས་བརྩི་དང་དྲན་གསོ་ཞུས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཀྱི་ལས་དོན་དེ་གཞུང་གི་ངོས་ནས་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་མི་མང་གི་སྲུང་སྐྱོབ་བྱེད་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་དཀྲུགས་གནང་གི་ཡིན་ཞེས་རྒྱལ་ཡོངས་གསུངས་བཤད་བརྙན་འཕྲིན་ཐོག་ནས་དྲིལ་བསྒྲགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎