རྒྱ་གར་གྱི་བློན་ཆེན་ཞིག་དགོངས་ཞུ་དགོས་པའི་འབོད་སྐུལ།

རྒྱ་གར་ལྷོ་ཕྱོཌ་མངའ་སྡེ་ཀའར་ན་ཀྲ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལས་གནས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པའི་འབོད་སྐུལ་གནང་བ།

2011.07.28

༄༅༎རྒྱ་གར་གྱི་ཕྱོཌ་འགལ་སྲིད་དོན་ཚོཌ་པ་ཆེ་ཤོས་རྦའར་ཏི་ཡ་ཇན་ཏ་པའར་ཀྲིས་(Bharatiya Janata Party)རྩོད་རྙོག་ནང་ཚུད་པའི་རྒྱ་གར་ལྷོ་ཕྱོཌ་མངའ་སྡེ་ཀའར་ན་ཀྲ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལས་གནས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་རྒྱ་གར་གྱི་རང་དབང་ལྡན་པའི་ཞིབ་འཇུག་ཚོཌ་ཆུང་གིས་རྒྱ་གར་ལྷོ་ཕྱོཌ་ཀའར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྦི་ཨེསི་ཡེ་རྡི་ཡུ་རཔ་པ་གཙོས་པའི་དཔོན་རིགས་མཐོ་གྲས་འགའ་ཤས་ཀྱིས་མངའ་སྡེ་དེའི་ནང་ཁྲིམས་འགལ་སྒོ་ནས་གཏེར་ཁ་བསྔོག་འདོན་བྱས་པའི་རྐྱེན་གྱིས་ཕྱི་ལོ་༢༠༠༦་ནས་ཕྱི་ལོ་༢༠༡༠་བར་དཔྱ་ཁྲལ་ཨ་སྒོར་ཐེར་འབུམ་༣་དང་ཕྱེད་ཀ་ལྷག་མངའ་སྡེའི་གཞུང་ལ་གྱོན་གུན་ཕོག་པའི་ནག་ཉེས་བཙུཌ་པ་མ་ཟད་ རྒྱ་གར་གྱི་གཞུང་འཛིན་ཀོང་རེས་ཚོཌ་པས་ཕྱོཌ་འགལ་སྲིད་དོན་ཚོཌ་པར་མི་འོས་པའི་ཁེ་ཕན་ཐོབ་ལུཌ་ནག་ཉེས་སྐྱོན་བརྗོད་བྱས་པའི་རྗེས་སུ་ཕྱོཌ་འགལ་སྲིད་དོན་ཚོཌ་པ་རྦའར་ཏི་ཡ་ཇན་ཏ་པའར་ཀྲིས་ཀའར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྦི་ཨེསི་ཡེ་རྡི་ཡུར་པ་ལས་གནས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པའི་འབོད་སྐུལ་གནང་འདུག་པས་ སྲིད་དོན་ཚོཌ་པ་དེའི་མགྲིན་ཚབ་ར་ལྦི་ཤང་ཀར་པར་སའརྡ་ཡིས་ཀའར་ན་ཀྲ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ཐག་གཅོད་དེ་ནི་ཚོཌ་པ་དེས་སྤྱི་མོས་ཐོག་ནས་གནང་བ་ཞིག་ཡིན་པ་དང་ད་ཆ་ཀའར་ན་ཀྲ་ཀ་མངའ་སྡེའི་འགོ་ཁྲིད་ལ་འགྱུར་བ་གཏོང་དགོས་ངེས་ཅན་ཡིན་ལུཌ་ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གསར་འགོད་པ་ཚོར་གསུངས་འདུག རྦའར་ཏི་ཡ་ཇན་ཏ་ཚོཌ་པས་ད་རེས་རང་གི་འགོ་ཁྲིད་གྲཌ་ཅན་ཞིག་ལས་གནས་ནས་དགོངས་ཞུ་དགོས་པའི་ཐག་གཅོད་གནང་དོན་གཙོ་བོ་ནི་འདི་ལོའི་དབྱར་ཁའི་དུས་སུ་རྒྱ་གར་རྒྱལ་ཡོངས་ནས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་སྟབས་ སྲིད་དོན་ཚོཌ་པ་དེས་ལྐོག་ཟ་རུལ་སུངས་ལ་བཟོད་སྒོམ་མེད་པ་མང་ཚོཌ་ལ་བཏོན་རྒྱུའི་སླད་དུ་ཡིན་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎