རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་འབྲེལ་ལམ།

རྒྱ་གར་གྱི་སྲིད་བློན་མཆོག་ནས་པ་ཀི་སི་ཐན་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་སྐོར་སྙན་སེང་ཞུས་པ།

2009.07.30

༄༅༎རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་མཚམས་ཆད་པའི་ཞི་མོལ་བསྐྱར་གསོ་གནང་རྒྱུའི་མཚོན་རྟགས་སུ་རྒྱ་གར་གྱི་སྲིད་བློན་མཆོག་ནས་པ་ཀི་སི་ཐན་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་སྐོར་རྒྱ་གར་གྱི་གྲོས་ཚོགས་ལ་སྙན་སེང་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་རུ་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་ཤོག་ཁག་གི་བཀོད་བྱུས་འོག་དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་དང་གཏོར་རྒོལ་གྱི་ལས་འགུལ་འཚབ་ཆེ་སྤེལ་བའི་རྗེས་པ་ཀི་སི་ཐན་དང་རྒྱ་གར་གཉིས་དབར་ཞི་མོལ་གྱི་རྒྱུད་རིམ་བར་མཚམས་ཆད་ཡོད་པ་རེད། ཡིན་ཡང་ཟླ་བ་སྔོན་མ་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་དང་པ་ཀི་སི་ཐན་གྱི་སྲིད་བློན་ཡུ་སུཕ་ར་ཛ་ཇི་ལ་ནི་རྣམ་གཉིས་ནས་འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་དེ་རྒྱལ་ཁབ་གཉིས་དབར་ཞི་མོལ་གྱི་རྒྱུད་རིམ་ནས་ཟུར་འདོན་གནང་རྒྱུའི་སྐོར་བཟུང་འབྲེལ་གྱི་སྤྱི་བསྒྲགས་སྤེལ་ཏེ་ཕྱོགས་གཉིས་དབར་ཞི་མོལ་བསྐྱར་གསོ་གནང་རྒྱུའི་རེ་བ་ཆེ་ཙམ་བསྐྲུན་ཡོད་པ་རེད། བྱུང་རིམ་འདིའི་ཐོག་ནས་རྒྱ་གར་གྱི་སྲིད་བློན་མཆོག་གིས་ཁ་ས་རྒྱ་གར་གྱི་གྲོས་ཚོགས་ནང་རྒྱ་གར་དང་པ་ཀི་སི་ཐན་དབར་ཞི་མོལ་བསྐྱར་གསོ་ཡོང་ཕྱིར་འབྲེལ་ལམ་གྱི་སྒོ་མོ་མུ་མཐུད་ཕྱེ་རྒྱུའི་འོས་འགན་དང་གནད་འགག་ཤིན་ཏུ་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་གསུང་བཤད་གནང་ཡོད་པ་རེད། སྲིད་བློན་མན་མོ་ཧན་སིང་མཆོག་གིས་གལ་སྲིད་ང་ཚོས་པ་ཀི་སི་ཐན་དང་ཐེ་ཀར་སྐད་ཆ་མ་བཤད་པ་ཡིན་ན་རྒྱལ་ཁབ་གསུམ་པ་ཞིག་བརྒྱུད་གྲོས་མོལ་བསྟུན་མཁས་བྱེད་དགོས་པ་རེད། དེར་བརྟེན་པ་ཀི་སི་ཐན་དང་དམག་འཐབ་བྱེད་འདོད་ཡོད་ན་མ་གཏོགས་གཞན་ཕྱོགས་གཉིས་དབར་ཞི་མོལ་རྒྱུན་སྐྱོང་བྱ་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་ཞེས་གསལ་འདོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎