རྒྱ་གར་གྱི་བདེ་སྲུང་སྔོན་རྩིས་འཕར་སྣོན།

རྒྱ་གར་གྱིས་རྒྱ་ནག་ལ་དམིགས་ནས་ཡུལ་གྱི་བདེ་སྲུང་གི་སྔོན་རྩིས་འཆར་གཞིའི་ཐོག་བརྒྱ་ཆ་༡༡དང་གྲངས་ཆུང་༦གིས་སྤར་ཆ་གནང་ཡོད་པ་རེད་

2011-02-28
Share

༄༅༎རྒྱ་གར་གྱིས་རྒྱ་ནག་ལ་དམིགས་ནས་ཡུལ་གྱི་བདེ་སྲུང་གི་སྔོན་རྩིས་འཆར་གཞིའི་ཐོག་བརྒྱ་ཆ་༡༡དང་གྲངས་ཆུང་༦གིས་སྤར་ཆ་གནང་ཡོད་པ་རེད་

གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་རྒྱ་གར་གཞུང་གིས་བདེ་སྲུང་ཐོག་དངུལ་རྩིས་སྤར་ཆ་གནང་བ་དེས་གཞུང་ཕྱོགས་ནས་དམག་གི་གནམ་གྲུ་དངུལ་འབབ་ཨ་རིའི་གྲོ་ལར་འཐེར་འབུམ་༡༠དང་ཕྱེད་ཀ་མ་གནས་ཀྱི་གོ་མཚོན་སྤུས་གཟིགས་གནང་རྒྱུའི་འཆར་གཞིའི་ནང་ཡོད་སྐོར་གསུང་འདུག

རྒྱ་གར་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་གཞན་བཞིན་ཡུལ་དེའི་དཔལ་འབྱོར་དང་དྲག་པོའི་ནུས་སྟོབས་ཇེ་ཆེར་འགྲོ་བཞིན་པར་དོགས་ཟོན་གྱིས་ད་ཐེངས་ཀྱི་ཡུལ་གྱི་དྲག་པོའི་དངུལ་རྩིས་འཆར་གཞིའི་ནང་སོ་ཉུལ་ཐུབ་པའི་ཐད་འཕུར་གནམ་གྲུ་དང་མཚོ་འོག་དམག་གྲུ་སོགས་མཁོ་སྒྲུབ་གནང་རྒྱུའི་འཆར་གཞི་ཡང་ཡོད་པ་རེད་ རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་སྐུ་ཞབས་པཱར་ནབ་མུ་ཁར་ཇི་ཡིས་ཡུལ་གྱི་ཕྱི་ལོ་༢༠༡༡དང་༢༠༡༢ལོའི་དྲག་པོའི་དངུལ་རྩིས་འཆར་གཞིའི་ནང་དངུལ་འབབ་ཨ་རིའི་གྲོ་ལར་འཐེར་འབུམ་༣༦དང་གྲངས་ཆུང་༢༨འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་དེ་སྔ་ལོའི་དངུལ་འབབ་ལས་བརྒྱ་ཆ་༤ཡི་མང་བ་ཡིན་པ་རེད་ རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་གུར་མིཏ་ཀན་ལྦལ་གྱིས་མ་འོངས་པའི་ཕུགས་རྒྱང་རིང་པོའི་ཐོག་རྒྱ་གར་གྱི་དམག་དོན་དེ་རྒྱ་ནག་ལ་དམིགས་ནས་དགོངས་པ་བཞེས་ཡོད་སྐོར་དགོངས་ཚུལ་གསུང་ཡོད་པ་རེད་ རྒྱ་ནག་ངོས་ནས་ཁ་གཏད་གཙོ་བོ་དེ་ཨ་མི་རི་ཀ་རྩིས་ཀྱི་ཡོད་པའི་ཆ་ནས་ཡུལ་དེའི་སྔ་ལོའི་དྲག་པོའི་དངུལ་རྩིས་འཆར་གཞི་དེ་ཨ་རིའི་གྲོ་ལར་འཐེར་འབུམ་༧༨ཡིན་ཡང་ཨ་མི་རི་ཀའི་དྲག་པོའི་ཐོག་དངུལ་རྩིས་འཆར་གཞི་དེ་དེ་ལས་ལྡབས་མང་བའི་གྲོ་ལར་འཐེར་འབུམ་ ༥༣༠ཆགས་ཀྱི་ཡོད་པ་རེད་ 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།