རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་བཅོས་བསྒྱུར་ལས་གཞི།

རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་བཅོས་བསྒྱུར་གྱི་ལས་གཞི་ཁག་མྱུར་པོའི་ཐོག་ནས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས།
2009-10-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་བཅོས་བསྒྱུར་གྱི་ལས་གཞི་ཁག་མྱུར་པོའི་ཐོག་ནས་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག

སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱལ་ཁབ་ནང་འཛུགས་སྐྲུན་ཡར་རྒྱས་གཏོང་ཐབས་སུ་དེ་སྔའི་བཅོས་བསྒྱུར་གྱི་ལས་འཆར་ཁག་ཚད་ལྡན་དང་མྱུར་ཚད་ཆེན་པོའི་ཐོག་ནས་ལས་དོན་སྤེལ་ནས་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་དང་ཆབས་ཅིག་གྲོང་གསེབ་ཁག་གི་ནང་དུའང་མང་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན། འཚོ་བའི་གནས་སྟངས་བཅས་ཡར་རྒྱས་གཏོང་རྒྱུའི་ཐབས་བྱུས་འཛིན་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་པས་མ་ཟད་གཞུང་གི་ངོས་ནས་ཀྱང་ལས་གཞི་དེ་དག་གི་ཐོག་ལམ་སྟོན་དང་མཐུན་འགྱུར་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་འདུག

འཛམ་གླིང་ནང་འདས་པའི་དུས་ཡུན་གང་འཚམས་ཤིག་རིང་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་གནས་སྟངས་སུ་གྱུར་ཡོད་ནའང་རྒྱ་གར་གྱི་གཙོས་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ལ་དེ་ཙམ་གྱི་དོ་ཕོག་ཆེན་པོ་ཐེབས་མེད་པ་དང་ལྷག་པར་དུ་ད་ཆ་རྒྱ་གར་དབུས་གཞུང་འཛིན་ཀོང་རེ་སི་ཚོགས་པའི་མནའ་འབྲེལ་ཚོགས་པར་མངའ་སྡེ་མང་པོའི་ནང་འོས་བསྡུའི་རྒྱལ་ཁ་ཐོབ་པ་བཅས་ལ་བརྟེན་གཞུང་བརྟན་པོར་གནས་ཐུབ་པ་དེས་རང་བཞིན་གྱི་རྒྱ་གར་ནང་དཔལ་འབྱོར་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་ལག་ལེན་དོན་འཁྱོལ་ཡོང་རྒྱུར་འགོག་རྐྱེན་འཕྲད་རྒྱུའི་ཉེན་ཁའང་དེ་ཙམ་བྱེད་མི་དགོས་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།