རྒྱ་གར་གཞུང་གི་རྡུལ་ཕྲན་ནུས་ཤུགས་ལས་དོན་སྐོར།

རྒྱ་གར་གཞུང་གིས་རྡུལ་ཕྲན་ནུས་ཤུགས་བཟོ་ལས་འཁྲུལ་འཁོར་གཞི་རྟེན་ཁག་ལ་བུད་རྫས་དགོས་མཁོ་ཆད་མེད་འགྲུབ་ཐུབ་ཀྱི་ཡོད་པ་རེད།

2008-07-12
Share

༄༅༎རྒྱ་གར་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལས་དོན་ཁང་མཉམ་དུ་གྲོས་མཐུན་འཇོག་ཐུབ་པར་བརྟེན་ རྡུལ་ཕྲན་ནུས་ཤུགས་བཟོ་ལས་འཁྲུལ་འཁོར་གཞི་རྟེན་ཁག་ལ་བུད་རྫས་དགོས་མཁོ་ཆད་མེད་འགྲུབ་ཐུབ་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད་

རྒྱ་གར་གཞུང་གིས་གྲོས་མཐུན་གྱི་ཡིག་ཆ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལས་དོན་ཁང་ལ་ཕུལ་ཡོད་པ་རེད་ གྲོས་མཐུན་ནང་འཁོད་ལྟར་ རྒྱ་གར་གཞུང་གི་རྡུལ་ཕྲན་ནུས་ཤུགས་བཟོ་ལས་འཁྲུལ་འཁོར་གཞི་རྟེན་ཁག་ལ་རྒྱལ་སྤྱིའི་བལྟ་ཞིབ་ཆོག་ཅིང་ གྲོས་མཐུན་དེར་ཟླ་བ་འདིའི་ཟླ་མཇུག་ཙམ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལས་དོན་ཁང་གི་ཚོགས་མི་རྒྱལ་ཁབ་སུམ་ཅུ་སོ་ལྔ་ལས་གྲུབ་པའི་འགན་འཛིན་ལྷན་ཚོགས་ཀྱིས་མོས་མཐུན་འཐོབ་དགོས་པ་དང་ ཕྱོགས་མཚུངས་རྡུལ་ཕྲན་ནུས་ཤུགས་བཟོ་ལས་འཁྲུལ་འཁོར་གཞི་རྟེན་ཁག་ལ་བུད་རྫས་མཁོ་འདོན་བྱེད་པོ་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་ཡིས་མོས་མཐུན་བཀའ་འཁྲོལ་བྱུང་མཚམས་ རྒྱ་གར་གཞུང་ནས་གོང་ཞུས་རྒྱལ་ཁབ་སུ་རུང་བ་ནས་རྡུལ་ཕྲན་ནུས་ཤུགས་བཟོ་ལས་འཁྲུལ་འཁོར་གཞི་རྟེན་ཁག་ལ་བུད་རྫས་མཁོ་བསྒྲུབ་ཆོག་གི་ཡོད་པ་རེད་ འོན་ཀྱང་རྒྱ་གར་གྱི་གཞུང་འཛིན་ཀོང་རེསི་ཚོགས་པའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དམར་ཤོག་ཚོགས་པ་ཁག་གིས་གྲོས་མཐུན་དེར་ངོ་རྒོལ་གྱིས་རྒྱབ་སྐྱོར་ཕྱིར་འཐེན་བྱས་པར་བརྟེན་ གཞུང་འཛིན་ཀོང་རེསི་ཚོགས་པར་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཡོད་མིན་བལྟ་ཞིབ་ཆེད་འདི་ཟླའི་ཚེས་༢༢ ཉིན་གྲོས་ཚོགས་སུ་ལས་རིམ་དུས་བཀག་གནང་ཟིན་པ་རེད་

ཡང་གྲོས་མཐུན་དེར་ཨ་རིའི་གྲོས་ཚོགས་ནས་ཀྱང་བཀའ་འཁྲོལ་འཐོབ་དགོས་ཤིང་ གྲོས་མཐུན་ཆ་ཚང་མཇུག་བསྒྲིལ་བྱུང་ན་ ཨ་རིའི་སྲིད་འཛིན་འོས་དམིགས་སྦ་རག་ཨོ་སྦ་མ་ཡིས་གྲོས་མཐུན་དེར་བསྒྱུར་བཅོས་གཏང་རྒྱུའི་འཆར་གཞི་མེད་ལུགས་གསར་འགོད་པའི་འདྲི་བར་ལན་འདེབས་གནང་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎