རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་མཁོ་སྤྲོད་གྲོས་འཐུན་སྐོར།

ཨ་རིའི་གྲོས་ཚོགས་འོག་མས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་མཁོ་སྤྲོད་གནང་རྒྱུའི་གྲོས་མཐུན་དེར་རྒྱབ་བསྐྱོར་གནང་བ་དེར་བསྔགས་བརྗོད་ཡོད་པ།
2008-09-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་མཁོ་སྤྲོད་གནང་རྒྱུའི་གྲོས་མཐུན་དེར་རྒྱབ་བསྐྱོར་གནང་བ་དེར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་རྒྱ་གར་གྱི་ཡུལ་དེ་འཛམ་གླིང་ནང་རྡུལ་ཕྲན་འཕྲུལ་རིག་དང་འབྲེལ་བའི་ཐོག་གནས་བབ་གསར་པ་ཞིག་ལ་སླེབས་རྒྱུ་ཡིན་སྐོར་གསུང་འདུག

སྲིད་བློན་མཆོག་གི་ལས་ཁུངས་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་གར་གྱི་ཡུལ་དེ་ལོ་ངོ་སུམ་ཅུ་སོ་བཞི་རྗེས་རྡུལ་ཕྲན་འཕྲུལ་རིག་མཁོ་སྒྲུབ་མི་ཆོག་པའི་གནས་བབ་ནས་གྲོལ་རྒྱུ་ཡིན་སྐོར་གསུང་འདུག ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་གི་རིག་རྩལ་དང་རྒྱུ་ཆ་མཁོ་སྒྲུབ་གནང་ཆོག་པའི་ཆོག་མཆན་གྱི་གྲོས་ཆོད་དེ་རེས་གཟའ་སྤེན་པ་ཉིན་ཚོགས་མི་གྲངས་ཉི་བརྒྱ་དགུ་ཅུ་གོ་བདུན་གྱིས་འོས་ཤོག་བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད་

དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མ་ནས་ཀྱང་དེ་ལྟར་གྱི་ཆོག་མཆན་གྱི་གྲོས་ཆོད་ཅིག་གཏན་འཁེལ་གནང་དགོས་པ་དེ་ཡང་ཡོང་བཟོ་ཡོད་པ་རེད་

ཨ་མི་རི་ཀས་རྒྱ་གར་ལ་རྡུལ་ཕྲན་འཕྲུལ་རིག་དང་རྒྱུ་ཆ་མཁོ་སྒྲུབ་གནང་ཆོག་རྒྱུ་དང་རྒྱ་གར་གྱི་རྡུལ་ཕྲན་འཕྲུལ་རིག་གི་མཐུན་རྐྱེན་ཁག་འཛམ་གལིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཟིགས་རྟོགས་གནང་ཆོག་པའི་ཆིངས་དོན་དེ་ཕྱི་ལོ་༢༠༠༥ལོར་ཨ་མི་རི་ཀའི་སྲིད་འཛིན་ཇོར་ཇེ་སྦུཤི་མཆོག་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་རྣམ་གཉིས་ཀྱིས་བཞག་གནང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།