རྒྱ་གར་དང་པ་ཀི་སི་ཐན་དབུ་འཛིན་མཉམ་འཛོམས་གནང་སྲིད།

རྒྱ་གར་གྱི་སྲིད་བློན་དང་པ་ཀི་སི་ཐན་གྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་སྲིད་སྐོར་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་གསུངས་འདུག
2009-06-15
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་སྲིད་བློན་དང་པ་ཀི་སི་ཐན་གྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་སྲིད་སྐོར་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་གསུངས་འདུག

རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་རྣམ་གཉིས་ར་ཤི་ཡའི་ནང་ཚོགས་གནང་རྒྱུའི་ཧྲང་ཧའེ་མཐུན་ཚོགས་ཀྱི་ཚོགས་འདུ་དེར་ཕེབས་ཀྱི་ཡོད་སྟབས་སྐབས་དེར་དབུ་འཁྲིད་རྣམ་པ་གཉིས་མཇལ་འཕྲད་གནང་སྲིད་སྐོར་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་གསུངས་འདུག

གལ་སྲིད་རྒྱ་གར་དང་པ་ཀི་སི་ཐན་གྱི་དབུ་འཁྲིད་རྣམ་གཉིས་བར་གྱི་མཇལ་འཕྲད་དེ་བྱུང་བ་ཡིན་ན་སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་བ་ནས་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། རྒྱ་གར་དང་པ་ཀི་སི་ཐན་གྱི་དབུ་ཁྲིད་བར་གྱི་མཇལ་འཕྲད་ཀྱི་གནད་དོན་དེ་བདུན་སྔོན་མ་དེར་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་གྲོས་ཚོགས་ནང་པ་ཀི་སི་ཐན་ངོས་ནས་རྒྱ་གར་ཐོག་གཏོར་རྒོལ་བྱེད་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པར་དམ་བསྒྲགས་བྱས་ཚེ་རྒྱ་གར་ངོས་ནས་པ་ཀི་སི་ཐན་གྱི་འབྲེལ་མོལ་གནང་རྒྱུའི་འདུན་པ་ཤུགས་ཆེ་ཡོད་སྐོར་བཀའ་མོལ་གནང་བ་ནས་བྱུང་བ་ཞིག་ཡིན་པ་རེད། རྒྱ་གར་དང་པ་ཀི་སི་ཐན་གྱི་དབུ་འཁྲིད་རྣམ་གཉིས་ར་ཤི་ཡའི་ནང་ཚོགས་གནང་རྒྱུ་ཧྲང་ཧའེ་མཐུན་ཚོགས་ཀྱི་ཚོགས་འདུར་ཕེབས་ཡོད་པ་དང་དབུ་འཁྲིད་རྣམ་གཉིས་མཐུན་ཚོགས་དེའི་ཟུར་ཉན་གྱི་ངོ་བར་ཕེབས་ཡོད་པ་རེད།

ཧྲང་ཧའེ་མཐུན་ཚོགས་ཞེས་པའི་ཚོགས་པ་དེར་ར་ཤི་ཡ་དང་རྒྱ་ནག།ཀ་ཛ་ཀིསི་ཐན།ཀར་གི་སི་ཐན།ཏ་ཇི་ཀིསི་ཐན་དང་ཨུཛི་སྦེ་ཀི་སི་ཐན་བཅས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།