རྒྱ་གར་ནས་དྲག་སྤྱོད་པ་ཚོར་གདོང་ལེན་བྱེད་ཤུགས་ཆེ་རུ་དགོས།

རྒྱ་གར་གཞུང་གིས་དྲག་སྤྱོད་པ་ཚོར་ཁ་གཏད་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་དགོས་འདུན་བཏོན་མཁན་མང་པོ་བྱུང་ཡོད་པ་རེད།

2008-09-17
Share

༄༅༎རྒྱ་གར་གཞུང་གིས་དྲག་སྤྱོད་པ་ཚོར་ཁ་གཏད་གདོང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་དགོས་འདུན་བཏོན་མཁན་མང་པོ་བྱུང་ཡང་ རྒྱ་ཆེ་ལ་མི་རིགས་དང་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་པའི་རྒྱ་གར་ནང་ཨ་མི་རི་ཀ་དང་དབྱིན་ཡུལ་ལྟ་བུའི་ཐབས་ཇུས་ལག་བསྟར་བྱ་རྒྱུ་ཁག་པོ་ཡིན་འདུག

གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་མི་ཚོགས་ཆེ་བའི་ཚོང་ཁང་ཆེ་ཁག་ནང་འབོམ་རྫས་རིམ་པ་མང་པོ་གས་ཐོར་བྱུང་སྟེ་མི་གྲངས་༢༢རྐྱེན་ལམ་དུ་ཕྱིན་པ་རེད་ དེ་སྔ་རྒྱ་གར་གྱི་སྲུང་སྐྱོབ་ཐད་ཉམས་ཞིབ་གནང་མཁན་སྐུ་ཞབས་ཨུ་རྡེ་སྦ་སི་ཀར་ཡིས་ད་རེས་ཀྱི་རྐྱེན་ངན་བྱུང་བ་དེ་ལ་བརྟེན་ནས་རྒྱ་གར་གཞུང་གིས་རང་གི་མི་སེར་རྣམས་དྲག་སྤྱོད་པའི་གཏོར་རྒོལ་ནས་སྲུང་སྐྱོབ་བྱེད་འདོད་མེད་པ་ཡིན་ནམ་ཡང་ན་བྱེད་ཐུབ་ཀྱི་མེད་དམ་སྙམ་པའི་འདྲི་བ་ཡོང་གི་ཡོད་སྐོར་གསུངས་འདུག ཡང་པན་ཇབ་མངའ་སྡེའི་ཉེན་རྟོག་མི་སྣའི་གཙོ་འཛིན་ཟུར་པ་ཀེ་པི་ཨེསི་གིལ་ཞུ་བས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་རྒྱ་གར་ཐོག་དྲག་སྤྱོད་པས་གཏོར་རྒོལ་བཏང་ཡང་ ད་དུང་དེ་ནས་རྒྱ་གར་གྱིས་སློབ་གསོ་གང་ཡང་ལེན་ཐུབ་མེད་སྐོར་གསུངས་འདུག སྦེ་ཇི་པི་ཕྱོགས་འགལ་སྲིད་དོན་ཚོགས་པས་དེ་སྔ་ཚོགས་པ་དེས་གཞུང་འཛིན་སྐབས་ ཀོང་རེསི་ཚོགས་པས་དྲག་སྤྱོད་པའི་ལས་དོན་སྔོན་འགོག་གི་ཁྲིམས་གཞི་བརྩི་མེད་བཏང་སྐོར་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཀོང་རེསི་ཚོགས་པས་གོང་ཞུས་ཁྲིམས་གཞི་དེས་ཉེན་རྟོག་མི་སྣར་དབང་ཤུགས་ཆེན་པོ་སྤྲད་སྟབས་ ཁོང་ཚོས་དབང་ཤུགས་དེ་བེད་སྤྱོད་ལོག་པ་བཏང་སྐོར་ལན་རྒྱབ་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།