རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཆུ་དང་གློག་གི་དཀའ་ངལ།

ལྡི་ལིའི་ནང་ཆུ་དང་གློག་མི་འདེངས་བའི་དཀའ་ངལ་འགོག་ཐབས་སུ་ས་གནས་གཞུང་གིས་ཆུ་དང་གློག་གཏོང་རྒྱུར་དུས་བཀག་བཟོ་བཞིན་ཡོད་འདུག

2009.06.27

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འདི་ལོ་ཆར་པ་དུས་ཐོག་ཏུ་མ་བབས་པའི་རྐྱེན་གྱིས་ཚ་དྲོད་ཤུགས་ཆེ་རྒྱས་ཏེ་དཀའ་ངལ་ཅི་ཆེ་འཕྲད་མུས་སྟེང་ཆུ་དང་གློག་མི་འདེངས་བའི་དཀའ་ངལ་འགོག་ཐབས་སུ་ས་གནས་གཞུང་གིས་ཆུ་དང་གློག་གཏོང་རྒྱུར་དུས་བཀག་བཟོ་བཞིན་ཡོད་འདུག

རྒྱ་གར་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པར་བརྟེན་གྲང་གློག་སོགས་ཀྱི་མཐུན་རྐྱེན་བེད་སྤྱོད་བྱ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་གློག་གི་ནུས་པས་མི་འདེངས་པའི་དཀའ་ངལ་ཆེན་པོ་ཞིག་ཡོད་སྟབས་ལྡི་ལིའི་ས་ཁུལ་འགའ་ཤས་སུ་ཉིན་ལྟར་ཆུ་ཚོད་བཅུ་ཙམ་གྱི་རིང་གློག་གཏོང་གི་མེད་པ་ཡིན་འདུག

འདས་པའི་ཉིན་གྲངས་འགའ་ཤས་རིང་ལྡི་ལིའི་ཚ་དྲོད་ཌིག་རི་སེལ་སེསི་༤༨སྟེ་ཕེ་རེན་ཧའེཏ་༡༡༨ཙམ་ལ་སླེབས་ཡོད་པ་དང་ཆུ་དང་གློག་གི་དཀའ་ངལ་ཡོད་སྟབས་མི་མང་པོ་ཞིག་གྲངས་གློག་ཡོད་པའི་མོ་ཊའི་ནང་ཉལ་དགོས་པའི་གནས་ཚུལ་བྱུང་ཡོད་འདུག

ཆུ་གློག་སྟངས་འཛིན་བྱ་མཁན་གྱི་ལས་ཁུངས་མདུན་མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཀྱང་དོན་དངོས་བཟོ་ཐབས་མེད་པ་ཞིག་ཡིན་ཞིང་ལམ་གཞུང་གི་མོ་ཊ་འགྲོ་འོང་སྟངས་འཛིན་བྱེད་ཆེད་ཀྱི་གློག་བཀག་པ་དང་ཐ་ན་ལྡི་ལིའི་གནམ་ཐང་ལ་ཡང་གློག་མེད་པར་གྱུར་ཏེ་སྐམ་གློག་ལ་བརྟེན་དགོས་པ་ཆགས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎